མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀོང་ཞིའི་ལྕགས་ལམ་འཛུགས་སྐྲུན་ཐད་མ་འཇོག་བྱེད་ཚད་ལོ་གསུམ་བསྟུད་མར་ནུབ་རྒྱུད་ཀྱི་ཨང་དང་པོར་སླེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-29 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀོང་ཞི་ལྕགས་ལམ་འཛུགས་སྐྲུན་གཞུང་ལས་ཁང་གིས་ཉིན་ཤས་གོང་། ཀོང་ཞི་ལྕགས་ལམ་ལ་སྤྱི་ལོ2012ལོར་མ་དངུལ་སྒོར་དུང་ཕྱུར358བཏང་ནས། མ་འཇོག་བྱེད་ཚད་ལོ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་གཉིས་པ་དང་ནུབ་རྒྱུད་ཀྱི་ཨང་དང་པོར་སླེབས་ཡོད་པ་དང་། སྤྱི་ལོ2013ལོར་ཀོང་ཞི་ཡིས་ནུས་ཤུགས་ཡོད་རྒུས་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པའི་ཟུར་གསལ་བྱས་ཡོད་པ་རེད།

སྤྱི་ལོ2015ལོར། ཀོང་ཞི་ལྕགས་ལམ་གྱིས་སྐྱེལ་འདྲེན་བྱེད་པའི་ལམ་ཐག་སྤྱི་ལེ5000ཡན་ཟིན་པ་བྱ་རྒྱུ་དང་། གཞི་རྩའི་ཆ་ནས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་སྟེ། ནན་ཉིང་གིས་ལྟེ་བ་བྱས་ཏེ། ཀོང་ཞི་བྱང་རྒྱུད་མཚོ་འགུག་དཔལ་འབྱོར་ཁུལ་བར་ཆུ་ཚོད་གཅིག་ནང་ཚུད་དང་། ཀོང་ཞི་རང་སྐྱོང་ལྗོངས་ནང་གི་གྲོང་ཁྱེར་གཙོ་བོའི་བར་ཆུ་ཚོད་གཉིས་ཡས་མས། ཀོང་ཞི་ཡི་མཐའ་ཁུལ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་བར་ཆུ་ཚོད3ཡས་མས་བཅས123མྱུར་བགྲོད་ལྕགས་ལམ་དྲ་བ་ཞིག་བཙུགས་ནས། ས་གནས་རིམ་པའི་གྲོང་ཁྱེར་ལ་གྲོང་ཁྱེར་དང་གྲོང་ཁྱེར་བར་གྱི་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག