མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིན་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས18ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་དང་། ཧུའུ་ཅིན་ཐའོ་དང་། ཞི་ཅིན་ཕིང་། ཝུན་ཅ་པའོ། ལི་ཁེ་ཆང་། ལིའུ་ཡུན་ཧྲན་བཅས་ཚོགས་ཆེན་ཞུགས་གནང་བ་མ་ཟད་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།

ཀྲུང་གོའི་གས་ཤུགས་རིགས་པའི་རྨང་གཞི་འདིང་མཁན་དང་གསར་གཏོད་བྱེད་མཁན་གྱི་གྲས། ཤུགས་རིག་པ་མཁས་ཅན། ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲེང་ཀྲེ་མིན་དང་ཀྲུང་གོའི་སྔོན་རྟོགས་གནམ་གྲུའི་བྱ་གཞག་གི་གསར་གཏོད་པ་དང་རྨང་གཞི་འདིང་མཁན། ལེ་ཏ་རིགས་གཅིག་མཁས་པ། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཞའོ་མའོ་གཉིས་ལ་སྤྱི་ལོ2012ལོའི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་ཐོབ་ཡོད་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཁོང་གཉིས་ལ་བྱ་དགའ་སྤྲད་གནང་བ་རེད། དེ་རྗེས་ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཁབ་ཀྱི་རང་བྱུང་བྱ་དགའ་ཐོབ་མཁན་དང་། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ་ཐོབ་མཁན། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཐོབ་མཁན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱ་དགའ་ཐོབ་མཁན་བཅས་ཀྱི་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གསུང་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལི་ཁེ་ཆང་གིས་ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ2012ལོའི་འཁོར་མོའི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའི་འབྲེལ་ཡོད་གཏན་འབེབས་ཞེས་པ་སྒྲོག་སྦྱང་གནང་བ་རེད། ཚན་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་ཡོན་ཧྲི་ཝང་ཞའོ་མའོ་ཡིས་བྱ་དགའ་ཐོབ་མཁན་འཐུས་མིའི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད།

ཀྲུང་གོའི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་མི་རེ་ལ་བྱ་དགའི་དངུལ་མི་དམངས་ཤོག་སྒོར་ས་ཡ5སྤྲོད་རྒྱུ་དང་། དེའི་གོང་གྲགས་ཅན་གྱི་ཚན་རྩལ་རིགས་གཅིག་མཁས་པ20ཙམ་ལ་སྔ་རྗེས་སུ་བྱ་དགའ་དེ་ཐོབ་མྱོང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག