མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སེམས་ཁམས་རིག་པས་བསྐལ་པ་འཇིག་པའི་ཉིན་མོའི་དཀྲོག་གཏམ་གང་སར་གྱར་དོན་ལ་འགྲེལ་བཤད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཚོས་སྤྱི་ལོ2012ལོ་ནི་བསྐལ་པ་འཇིག་པའི་དུས་ཡིན་པར་ཡིད་ཆེས་བྱེད་དོན་གང་ཞིག་ཡིན་ནམ། ཉེ་དུས་སྤྱི་ཚོགས་ཐོག་རྒྱ་ཁྱབ་ཏུ་ཁྱབ་པའི་བསྐལ་པ་འཇིག་པའི་ཉིན་མོ་ཞེས་པའི་དཀྲོག་གཏམ་ལ་དམིགས་ཏེ། སེམས་ཁམས་རིག་པས་དབྱེ་ཞིབ་བྱས་པར། དམངས་མཐུན་སེམས་ཁམས་ནི་བསྐལ་པ་འཇིག་པའི་ཉིན་མོ་ཞེས་པའི་དཀྲོག་གཏམ་རྒྱ་ཁྱབ་ཏུ་གྱར་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

ཧེ་ལུང་ཅང་ཞིང་ཆེན་གྱི་སེམས་ཁམས་བློ་འདྲི་མཁས་ཅན་མཐུན་ཚོགས་ཀྱི་དགེ་རྒན་ཆེན་མོ་བ་ཧའོ་ཁྲུན་ཏུང་གིས། མིའི་རིགས་བྱེ་བྲག་གིས་འཛམ་གླིང་ལ་ངོས་འཛིན་བྱེད་རྒྱུ་དེ་ཕྱི་རོལ་ཡུལ་བརྒྱུད་ཤེས་རྟོགས་བྱུང་བ་ཞིག་ཡིན། བསྐལ་པ་འཇིག་པའི་ཉིན་མོ་ཞེས་པ་དེ་མི་ཞིག་གི་ངོས་ནས་བཤད་ཚེ་གཅིག་ནས་རྒྱུས་མངའ་མེད་ལ་གཉིས་ནས་ཡ་མཚན་ཆེ་བས། སྨྱན་སྦྱོར་དར་རྒྱས་ཤིན་ཏུ་ཆེ་བའི་དེང་གི་དུས་འདིར་སྤྱི་ཚོགས་ཐོག་བསྐལ་པ་འཇིག་པའི་ཉིན་མོའི་གཏམ་བརྗོད་རེ་གཉིས་ཐོན་མ་ཐག་དེ་འཕྲལ་གཅིག་བསྡུས་འབྱུང་བ་མ་ཟད་ཚབས་ཇེ་ཆེར་བཏང་སྟེ་གླེང་ཕྱོགས་ཀྱི་ཁྱབ་ཁོངས་ཤིག་ཆགས་པ་དང་། དེས་མི་ཁག་ཅིག་གི་བྱ་སྤྱོད་ལ་ཤུགས་རྐྱེན་བཟོ་བ་མ་ཟད། རིམ་བཞིན་དམངས་མཐུན་བསམ་པ་སྐྱེས་མཁན་དེ་བས་མང་བ་ཆུ་སྣ་གར་འཁྲིད་དུ་འགྱུར་གྱི་ཡོད། དེ་ནི་ཆ་འཕྲིན་གནོན་ཤུགས་ཀྱི་ནུས་པ་ཡིན་ཞེས་གསུངས་པ་དང་།

ཧའོ་ཁྲུན་ཏུང་གིས་བསྐལ་པ་འཇིག་པའི་ཉིན་མོར་ཡིད་ཆེས་བྱེད་མཁན་ཚོ་རྟག་ཏུ་ནང་སེམས་ཀྱི་བདེན་རྫུན་བརྡར་ཤ་གཅོད་པའི་ནུས་པ་ཞན་པ་དང་ཆབས་ཅིག་རང་ངོས་འདུ་ཤེས་ཅུང་ཞན་པས། མི་དེ་རིགས་ལ་ཕྱི་རོལ་ཡུལ་གྱི་ཆ་འཕྲིན་གྱི་ཤུགས་རྐྱེན་ཐེབས་སླ་བ་དང། སྐད་ཆ་དེ་རིགས་ལ་ཡིད་ཆེས་བྱེད་པ་མ་ཟད་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག