མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་ཧྲིལ་པོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར5.193122ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:37

ཞིན་ཧྭ་གསར་འགྱར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས18ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཐོག་མའི་ཞིབ་རྩིས་བརྒྱབ་པའི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། ལོ་ཧྲིལ་པོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར5.193122ཟིན་པས། བསྡུར་རུང་བའི་རིན་གོང་གི་རྩིས་རྒྱག་ལ་གཞིགས་ཏེ་ལོ་གོང་མ་དང་བསྡུར་ན7.8%འཕར་ཡོད་ཅིང་། ལོ་འགོའི་སྔོན་རྩིས་དམིགས་འབེན་ལས་བརྒྱ་ཆའི་གནས0.3གྱི་མཐོ་ཡོད་པ་རེད།

རྒྱལ་དམངས་དཔལ་འབྱོར་འཁོར་བསྐྱོད་ཞི་ལྷོད་ཁྲོད་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བརྟན་ལྷིང་ཁྲོད་འཕར་སྣོན་བྱུང་ཡོད་ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་ཅུད་ཀྲང་མ་ཅན་ཐང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་སྐོང་འཚོགས་བྱས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གསུང་གནང་བ་རེད།

སྤྱིའི་ཆ་ནས་བལྟས་ཚེ། རང་རྒྱལ་ཞིང་ལས་ཐོན་སྐྱེད་བརྟན་ལྷིང་ཁྲོད་དུ་འཕར་སྣོན་བྱུང་ཡོད་པ་དང་། བཟོ་ལས་ཐོན་སྐྱེད་ཞི་ལྷོད་ཀྱི་ཁྲོད་དུ་བརྟན་པོ་བྱུང་ཡོད། སྤྱི་ལོ2012ལོའི་རྒྱལ་ཡོངས་འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ལོ་དགུ་བསྟུད་མར་ཐོན་འཕར་བྱུང་བ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བསྡུར་རུང་བའི་རིན་གོང་གི་རྩིས་རྒྱག་ལ་གཞིགས་ཏེ་ལོ་གོང་མ་དང་བསྡུར་ན10%འཕར་ཡོད།

མི་འབོར་དང་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་ལྷིང་ཡིན་པ་རེད། སྤྱི་ལོ2012ལོའི་ལོ་མཇུག་ལ་རྒྱལ་ཡོངས་སུ་ལས་ཞུགས་བྱས་པའི་མི་སྣ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མིའི་ཐེངས་གྲངས་ས་ཡ2.84གསར་སྣོན་བྱས་ཡོད་པ་རེད།

མ་ཅན་ཐང་གིས་དུས་རིམ་རྗེས་མར་དཔལ་འབྱོར་འཕར་སྣོན་ཀྱི་སྤུས་ཚད་དང་ལས་ཆོད་མཐོ་རུ་གཏོང་རྒྱུས་ལྟེ་གནས་བྱས་ནས། བརྟན་ལྷིང་ཁྲོད་དུ་ཡར་ཐོན་བརྩོན་ལེན་བྱེད་རྒྱུ་དང་། ལས་དོན་ཏན་ཏིག་བསྒྲུབ་ཐོག བསྒྱུར་བཅོས་གསར་སྤེལ་སྔར་བས་གཏིང་ཟབ་གཏོང་རྒྱུ་དང་། གསར་གཏོད་སྐུལ་འདེད་ལ་སྔར་བས་ཇེ་ཟབ་ཏུ་གཏོང་རྒྱུ། སྤྱི་ཁོག་སྙོམས་སྒྲིག་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུ། དམངས་ཀྱི་འཚོ་བར་སྔར་བས་འགན་སྲུང་དང་ལེགས་བཅོས་བྱེད་པ་བཅས་ཀྱིས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞེས་གསུང་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག