མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས་རུ་ཁག་གིས་ཏེའོ་ཡུས་གླིང་ཕྲན་ལ་སྐོར་ཞིབ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ12པའི་ཚེས21ཉིན། རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་དང་དེ་བཞིན་དེའི་ཞོར་གཏོགས་གླིང་ཕྲན་སྦྲེལ་ཁུལ་དུ་སྐོར་ཞིབ་བྱེད་བཞིན་པའི་ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས་རུ་ཁག་ཨང50དང་། 83། 111བཅས་ཀྱིས་ཆུ་ཚོད9དང་སྐར་མ25ཡི་ཐོག་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་ཀྱི་མངའ་ཁོངས་རྒྱ་མཚོའི་ནང་བདག་དབང་སྲུང་སྐྱོབ་བྱེད་པའི་སྐོར་ཞིབ་བྱས་ཡོད་པ་རེད།

དེའི་རིང་། ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས་རུ་ཁག་གི་གྲུ་གཟིངས་ཁག་གིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སླེབས་པའི་ལྗར་པན་གྱི་མཚོ་ཐོག་བདེ་འཇགས་ཐིང་གི་གྲུ་གཟིངས་ལ་སྐད་པར་བརྒྱུད་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་གསལ་བཤད་ནན་པོ་བྱས་པ་དང་། ལྗར་པན་ཕྱོགས་ཀྱི་ཁེ་དབང་བཙན་གནོད་བྱེད་མཁན་གྲུ་གཟིངས་ཀྱིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་ནས་ཁ་བྲལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ལྗར་པན་གྱི་མཚོ་ཐོག་རང་སྲུང་དམག་གིp-༣cརྟགས་ཅན་གྱི་གནམ་གྲུ་ཨང5084དང་། ལྗར་པན་གྱི་སྨྱན་སྦྱོར་ཚན་པNHKལས་ཁུངས་ཀྱི་ཐད་འཕུར་གནམ་གྲུJA91NHརྟགས་ཅན་གྱིས་རང་རྒྱལ་གྲུ་གཟིངས་རུ་ཁག་ཡོད་སའི་མཁའ་དབྱིངས་སུ་ལྡིང་སྐོར་བརྒྱབ་པ་དང་། ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས་རུ་ཁག་གིས་ལྗར་པན་གྱི་གྲུ་གཟིངས་དང་གནམ་གྲུས་ཁེ་དབང་བཙན་གནོན་བྱེད་པའི་བྱ་སྤྱོད་ཀྱི་དཔང་རྟགས་ལེན་ཡོད་པ་རེད།

མིག་སྔའི་བར། ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས་རུ་ཁག་གིས་མུ་མཐུད་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་ཞིབ་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག