མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧེ་ལུང་ཅང་ཧྲོང་ཁྲེང་གྲོང་ཁྱེར་གྱི“བུད་མེད་སྙན་སྒྲོན་པ་གཙོ་བོས་དཔོད་ཆུང་ཐོག་རང་མིང་དངོས་ཀྱི་ཐོག་ནས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མི་ཐེར་འདོན་གོང་ཞུ་བྱས་པའི”གྱོ ད་འབྲེལ་མི་སྣ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བཏང་བ་དང་འཛིན་བཟུང་ཆོག་མཆན་སྤྲད་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-01-27 11:18

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧེ་ལུང་ཅང་ཧྲོང་ཁྲེང་གྲོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར།ཉེ་དུས་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་པའི“བུད་མེད་སྙན་སྒྲོན་པ་གཙོ་བོས་དཔོད་ཆུང་ཐོག་རང་མིང་དངོས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐེར་འདོན་གོང་ཞུ་བྱས་པའི”གྱོ ད་གཞི་དེར་འཕེལ་རིམ་གསར་ཤོས་བྱུང་ནས་གྱོ ད་གཞི་དང་འབྲེལ་བ་ཡོད་པའི་ཧྲོང་ཁྲེང་གྲོང་ཁྱེར་བཟོ་ལས་སྤྱི་ཁྱབ་ཀུང་སིའི་ཅིང་ལི་སུན་ཏེ་ཅང་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བཏང་བ་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁོ་པ་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་ཅིང་།ད་བར་ཁོ་པ་དྲ་སྦྲེལ་ཐོག་ཐེར་འདོན་གོང་ཞུ་བྱས་ནས་དུས་ཡུན་ཟླ་བ་གཉིས་ལས་ཕྱིན་མེད་པ་རེད།

    2012ལོའི་ཟླ་11ཚེས་24ཉིན་ནས་ཟླ་12ཚེས་31ཉིན་བར་ཧྲོང་ཁྲེང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་སུན་ཏེ་ཅང་གི་སྒྲིག་འགལ་གྱོ ད་གཞིར་བརྟག་དཔྱད་བྱས་པ་བརྒྱུད་སུན་ཏེ་ཅང་གིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གཞུང་ཁོངས་རྒྱུ་ནོར་སྒྲིག་འགལ་ངང་བཀོལ་སྤྱོད་བྱས་པ་དང་གོང་འབུལ་བྱེད་དགོས་པའི་ནོར་སྲིད་མ་དངུལ་རང་དགར་བེད་སྤྱོད་བཏང་བ་དང་།མི་གཞན་དང་མཉམ་དུ་མི་བདེན་རྫུན་སྒྲིག་གིས་ལས་འཁྱུར་ངལ་གསོ་བརྒྱབ་པའི་འགྲོ་ལུགས་རྫུས་མ་གཉེར་ནས་སྤྱི་ཚོགས་འགན་བཅོལ་གྱི་མ་དངུལ་གཡོ་ལེན་བྱས་པ།བུད་མེད་དང་ཚུལ་མིན་གྱི་འབྲེལ་བ་བྱས་པ་དང་འབྲེལ་མུ་མཐུད་རྒྱུན་འཁྱོངས་བྱས་པ་བཅས་རྩད་ཞིབ་ཐུབ་པ་རེད།

    2012ལོའི་ཟླ་12ཚེས་31ཉིན་ཧྲོང་ཁྲེང་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཅུས་ཀྱིས་ཧྲོང་ཁྲེང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་འཛིན་བཟུང་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱ་རྒྱུ་དང་འབྲེལ་སྙན་སེང་ཞུས་པ་བརྒྱུད་སུན་ཏེ་ཅང་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བཏང་སྟེ།ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་རེད།སུན་ཏེ་ཅང་གི་བྱེད་སྤྱོད་དེ་ཉེས་གསོག་གི་དོགས་པ་ཡོད་པར་བརྟེན་ཧྲོང་ཁྲེང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་དེའི་ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་དང་འབྲེལ་ཡོད་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ་དང་2013ལོའི་ཟླ་1ཚེས་21ཉིན་ཧྲོང་ཁྲེང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་སུན་ཏེ་ཅང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག