མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གི་མི་རེའི་ཆ་སྙོམས་GDPདེ་ནུབ་རྒྱུད་ཁྲོད་ནས་ཐེངས་དང་པོར་ཨ་སྒོར་ཁྲི་ལས་བརྒལ་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-01-27 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་1ཚེས་25ཉིན་ནང་སོག་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ 2012ལོའི་ནང་སོག་གི་མི་རེའི་ཆ་སྙོམས་GDPདེ་ཨ་སྒོར་ཁྲི་1ལས་ཐེངས་དང་པོ་བརྒལ་ནས་ཨ་སྒོར་10189ཟིན་ཡོད”ཅེས་འཁོད་ཡོད་ཅིང་།གྲངས་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཨ་སྒོར་4000 ལས་མང་བ་ཡོད་པས་ནང་སོག་འདི་ཉིད་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་ཁྲོད་མི་རེའི་ཆ་སྙོམས་GDPཨ་སྒོར་ཆིག་ཁྲི་ལས་བརྒལ་མཁན་གྱི་ཞིང་ཆེན་ཨང་དང་པོར་གྱུར་བ་རེད།

ཉེ་བའི་ལོ་ཤས་རིང་དཔལ་འབྱོར་འཕེལ་མེད་སོར་གནས་ཀྱི་གནོན་ཤུགས་ཆེ་བའི་གནས་ཚུལ་འོག་ནང་སོག་གིས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་སྟངས་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོ གས་སུ་བཏང་བས་འཕེལ་རྒྱས་འགྲོ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྔར་བཞིན་སླེབས་ཡོད་ཅིང་།ནང་སོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པ་ཐེའར་གྱིས་སྙན་སྒྲོན་ནང་2007ལོ་ནས་2012ལོའི་བར་ནང་སོག་གི་དཔལ་འབྱོར་བསྡོམས་འབོར་དེ་དངུལ་སྒོར་དུང་ཕྱུར་6423.2ནས་སྒོར་དུང་ཕྱུར་ཁྲི་1.6བར་འཕར་ནས་ལོའི་ཆ་སྙོམས་འཕར་ཚད་15.1%ཟིན་པ་དང་།ས་གནས་ཀྱི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་དེ་དངུལ་སྒོར་དུང་ཕྱུར་835.5ནས་སྒོར་དུང་ཕྱུར་2497.3བར་འཕར་ནས་ལོའི་ཆ་སྙོམས་འཕར་ཚད་24.5%ཟིན་པ།ལོ་ལྔར་རིམ་བརྩིས་བརྒྱབ་ན།གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་ཁྲི་དུང་ཕྱུར4.6ཟིན་ནས་རང་སྐྱོང་ལྗོངས་བཙུགས་ཚུན་མ་འཇོག་བསྡོམས་འབོར་གྱི་72%བཟུང་བ་བཅས་རེད་ཅེས་གསུངས་པ་རེད།

ནང་སོག་གིས་ལོ་ངོ་སྟོང་རིང་ཐོན་དཀའ་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱི་དཔང་པོ་བྱས་ཡོད་ཅིང་།དཔལ་འབྱོར་གྲུབ་ཆའི་ངོས་ནས་བརྗོད་ན།ཞིང་འབྲོག་ལས་ཀྱིས་གཙོ་བོ་བྱེད་པ་ནས་བཟོ་ལས་ཀྱིས་གཙོ་བོ་བྱེད་པར་འགྱུར་བ་བཏང་བས་བཟོ་ལས་ཀྱི་བསྡུར་ཚད་དེ་2007ལོའི་43.3%ནས་2012 ལོའི་49.8%བར་འཕར་བ་དང་།སྤྱི་ཚོགས་ཀྱི་གྲུབ་ཆའི་ངོས་ནས་བརྗོད་ན།ཞིང་འབྲོག་ཁུལ་གྱི་མི་འབོར་གཙོ་བོ་བྱེད་པ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱིས་གཙོ་བོ་བྱེད་པར་གྱུར་པས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་50.2%ནས་57.7%བར་འཕར་ཡོད།དོ་སྣང་བྱེད་འོས་པ་ཞིག་ནི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་མགྱོ གས་མྱུར་གཏོང་རིང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་བློས་གཏོང་བྱས་མེད་པ་དཔེར་ན།ནང་སོག་འདི་ཉིད་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་གྲས་13དང་ཚོང་འབྲུའི་རྟེན་གཞི་5ཡི་གྲས་ཤིག་ཏུ་གྱུར་ཡོད་ཅིང་།2012ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་500ཡི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོ་བརྒལ་ནས་རྒྱ་མ་དུང་ཕྱུར་505.7ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་རེད།འབྲོག་ལས་ལེགས་བསྡུས་ཞིབ་གཉེར་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་སྟེ་ཕྱུགས་རིགས་མགོ་གྲངས་ལོ་བརྒྱད་བསྟུད་མར་དུང་ཕྱུར་1ཡན་ཟིན་པ་དང་འོ་མ་དང་།བལ་དང་ཁུ་ལུ།ལུག་ཤ་བཅས་ཀྱི་ཐོན་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།སྣོད་བཅུད་སྲུང་སྐྱོང་བྱས་ནས་གྲུབ་འབྲས་གསར་པ་ཐོབ་ཅིང་།མུའུ་དུང་ཕྱུར་10.2ཟིན་པའི་སྤྱོད་ཆོག་པའི་རྩྭ་ཐང་དེ་སྣོད་བཅུད་ཀྱི་བྱ་དགའ་སྤྲོད་ཁྱོན་ནང་བཅུག་པ་དང་མུའུ་དུང་ཕྱུར་4.43ཟིན་པའི་ཉམས་ཞན་རྩྭ་ཐང་ཐོག་ཕྱུགས་བཀག་དང་།རྨོ་བསྐྱུར་ནགས་གསོ།རྩྭ་གསོ་ཕྱུགས་གསོ་བཅས་བྱས་པས་རྩྭ་ཐང་གི་སྔོ་ཁེབས་ཚད་གཞི་ལོ་ལྔ་ཡི་གོང་ལས་བརྒྱ་ཆའི་གྲངས་5.4འཕར་ཡོད་པ་རེད།

དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག་ནང་སོག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་དེ་དཔལ་འབྱོར་དང་མཉམ་དུ་འཕར་ཡོད་ཅིང་།2012 ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་དངུལ་སྒོར་23150དང་སྒོར་7611སོ་སོར་ཟིན་ནས་འཕར་ཚད་12%ཟིན་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་ལྷག་དོན་དུ་ཞིང་འབྲོག་པའི་ཡོང་འབབ་འཕར་མགྱོ གས་པ་དེ་རིན་གོང་གི་རྒྱུ་རྐྱེན་ཕུད་11.8%དངོས་སུ་འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་ལས་བརྒལ་བ་མ་ཟད་GDPའཕར་ཚད་11.7%ལས་ཀྱང་བརྒལ་ཡོད་པ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག