མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་ཧོང་ཧྭ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས་པ།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:08

2.jpg

སྤྱི་ཟླ1པོའི་ཚེས25ཉིན། བློ་མཐུན་ཧོང་ཧྭ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་བཞུགས་མོལ་ཚོགས་འདུར་ཞུགས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཧོང་ཧྭ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས25ཉིན་པེ་ཅིན་ནས་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་བཞུགས་མོལ་ཚོགས་འདུར་ཞུགས།

    བློ་མཐུན་ཧོང་ཧྭ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ཡུན་རིང་ཉམས་སེད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། རང་རྒྱལ་ཕྱི་འབྲེལ་འཐབ་ཕྱོགས་ཀྱི་ཕུལ་ཏུ་བྱུང་བའི་མགོ་ཁྲིད་པ་བཅས་ཡིན།

    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལུའུ་ཡུང་ཞང་གིས་ཕྱོགས་ཡོངས་ནས་བློ་མཐུན་ཧོང་ཧྭ་ཡིས་ཀྲུང་གོའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལས་དོན་ཐད་ལ་འབད་བརྩོན་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་མི་ཚེའི་བརྒྱུད་རིམ་ཕྱིར་དྲན་བྱས་པར་མ་ཟད། བློ་མཐུན་ཧོང་ཧྭ་ཡི་གསར་བརྗེའི་སྙིང་སྟོབས་དང་ཏང་དང་རྒྱལ་ཁབ་ལ་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཁོས་བསྟན་དོན། ང་ཚོས་མུ་མཐུད་དུ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་རྒན་རབས་པ་དག་གི་ཕུགས་འདུན་རྒྱུན་འཁྱོངས་བྱས་ཏེ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ་སྟོབས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་ཁྱད་སེལ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གཏན་འཇགས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

    རྒྱལ་སྲིད་ཨུ་ཡོན་ཏེ་པེན་གོ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་ཕྱི་འབྲེལ་པུའུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན། ཧི་པེ་ཞིང་ཆེན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་སྔ་བཞུག་ཏུ་གཏམ་བཤད།  གཞན་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་དང་བློ་མཐུན་ཧོང་ཧྭའི་ཁྱིམ་མི། ཁོང་འཚོ་བཞུགས་གནང་སྐབས་ཀྱི་གྲོགས་པོ་བཅས་ཚོགས་འདུར་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག