མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཡོང་འབབ་བགོ་འགྲེམ་བསྒྱུར་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ1པོའི་ཚེས24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བས། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ནས་སྐུལ་འདེད་གཏོང་བཞིན་པའི་ཡོང་འབབ་བགོ་འགྲེམ་བསྒྱུར་བཅོས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་གཏན་འབེབས་བྱས་པའི་ཡོང་འབབ་བགོ་འགྲེམ་བསྒྱུར་བཅོས་ཇུས་གཞིའི་ནང་ཐེ་ཞུགས་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

འགན་འཁུར་བ་དེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཚུན། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་གླ་ཕོག་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་བ་དང་། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་ཁེ་གཉེར་ལས་སྒོའི་གྲུབ་འབྲས་དཔྱད་དཔོག་དང་གླ་ཕོག་དོ་དམ་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་གཏན་འབེབས་བྱས་ཡོད། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དོ་དམ་བྱེད་པའི་ཀྲུང་དབྱང་ཁེ་ལས་དང་། ཀྲུང་དབྱང་དངུལ་རྩའི་ཁེ་ལས། དེ་བཞིན་ལྕགས་ལམ་དང་། རྡོ་ཐ། ཡིག་ཟམ་སོགས་ལས་རིགས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་གླ་ཕོག་དོ་དམ་ཐད་གཅིག་གྱུར་དང་ཚད་ལྡན་གྱི་རྩ་དོན་དང་བླང་བྱ་བཏོན་ཡོད་ཅེས་གསུངས་པ་དང་། འགན་འཁུར་བ་དེས། ཡོང་འབབ་བགོ་འགྲེམ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་བསམ་འཆར་འགའ་ཤས་དངོས་སུ་ཡོངས་བསྒྲགས་བྱས་རྗེས། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཁེ་ལས་ནས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། སྣེ་ཁྲིད་ནས་ཡོང་འབབ་བགོ་འགྲེམ་བསྒྱུར་བཅོས་ཇུས་གཞི་ལག་བསྟར་བྱ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག