མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆཱང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-01-25 10:42

000.jpg

  སྤྱི་ཟླ1པོའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཁི་ཆཱང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

111.jpg

  སྤྱི་ཟླ1པོའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཁི་ཆཱང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཁི་ཆཱང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཆི་ཧྲན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧོས་ལེང་ཡུས་གཉི་ཀ་གྲོས་ཚོགས་ལ་ཞུགས།

  ཚོགས་ཐོག་ནས་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོགས་གཏོགས་ལས་ཁུངས་ཀྱི་བྱ་བའི་ཡར་ཞུ་དང་གཏམ་བཤད་ལ་ཉན་པར་མ་ཟད«2013ལོའི་ཟས་རིགས་བདེ་འཇགས་བྱ་བའི་བཀོད་སྒྲིག»ལ་གྲོས་ཞིབ་བྱས།

  ཚོགས་ཐོག་ནས་ལིས་ཁི་ཆཱང་གིས་གསུངས་རྒྱུར། དེང་སྐབས་རང་རྒྱལ་ནི་ཡོང་སྒོ་འབྲིང་ཙམ་རྒྱལ་ཁབ་ཀྱི་གྲས་སུ་བསླེབས་ཡོད་པས། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་དང་ཁོར་ཡུག་སྤུས་ཚད་ཐད་ཀྱི་རེ་བ་སྔར་ལས་ཇེ་མཐོར་སོང་བ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་ཡང་དེ་དང་འདྲ་བའི་བརྒྱུད་རིམ་བྱུང་མྱོང་། དུས་སྐབས་འདིར་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བཟང་བོ་བྱེད་རྒྱུ་ནི་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བའི་ནང་དོན་གཙོ་བོ་ཡིན་ལ། དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་འབྲེལ་འདྲིས་དམ་པོ་བྱེད་པ་དང་། འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་ནའང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་ནི་རྩ་བའི་དམིགས་ཡུལ་ཡིན་པས། དེ་སྔར་ལས་བཟང་བོ་སྒྲུབ་ན་ཕྱོགས་གཉིས་ཀའི་ཐད་ནས་ཕན་འབྲས་བཟང་བོ་ཐོབ་ཐུབ། སྲིད་གཞུང་གིས་འཕེལ་ཕྱོགས་དེ་དང་བསྟུན་ནས་འགན་ནུས་མྱུར་དུ་བསྒྱུར་ཞིང་། ལས་གཞི་ལག་བསྟར་དང་མ་དངུལ་གཏོང་བ་སོགས་ཀྱི་ཁེ་ལས་རང་བདག་ཐབས་ཇུས་གཏན་ཁེལ་བྱེད་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་ལྟ་རྟོག་དང་དོ་དམ་བཟང་བོ་བྱེད་དགོས་པ་དང་ལྷག་པར་དུ་མང་ཚོགས་ཀྱི་འཚོ་བར་འབྲེལ་བ་ཡོད་པའི་ལྟ་རྟོག་དོ་དམ་བྱ་བར་ཤུགས་བསྣན་ནས། བདེ་འཇགས་འདྲ་མཉམ་ཁྲིམས་སྐྱོང་གི་ཚོང་རའི་ཁོར་ཡུག་གསར་སྐྲུན་བྱེད་དགོས་ལ་། དེ་ནི་སྲིད་གཞུང་གི་འགན་ནུས་སྒྱུར་བའི་གཞི་འཛིན་སའི་ཚད་གཞི་གཙོ་བོ་ཡིན་ཟེར།

  ལིས་ཁི་ཆཱང་གིས་གནམ་ལོ་གསར་ཚེས་ཐོན་ལ་ཡོད་པའི་སྐབས་སུ་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆེད་དོན་ཁྲིམས་སྐྱོང་རྩ་འཛུགས་བྱས་ཏེ། ཟས་རིགས་བདེ་འཇགས་ཐད་ཀྱི་ཉེན་ཁ་སྣ་ཚོགས་ལ་ཞིབ་བཤེར་བཟང་བོ་བྱས་ནས། ཧུར་ཐག་སྒོས་རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་ཟས་རིགས་ཟ་རུ་འཇུག་དགོས་པའི་ཐུགས་རེ་བཏོན།

  ཚོགས་ཐོག་ནས་ད་དུང་ད་ལོའི་བྱ་བ་གཙོ་བོ་བཞི་གཏན་ཁེལ་བྱས། གཅིག ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བ་མུ་མཐུད་ནས་སྤེལ་དགོས། གཉིས། ནམ་ཡང་དོགས་ཟོན་ཆེན་པོ་བྱེད་དགོས། གསུམ། ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་མ་ལག་དང་ཁྲིམས་སྲོལ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། བཞི། ཟས་རིགས་བདེ་འཇགས་ཐད་ཀྱི་གནད་དོན་དུས་ཐོག་ཏུ་ཁྱབ་སྒྲོག་བྱེད་པར་མ་ཟད་ཐག་གཅོད་དགོས་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག