མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2012ལོར་རང་རྒྱལ་གྱི་འབྲུ་རིགས་ཁེ་ལས་ཀྱིས་འབྲུ་རིགས་རྒྱ་མ་དུང་ཕྱུར6275ཉོ་བསྡུ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 10:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2012ལོར་རང་རྒྱལ་གྱི་རིགས་ཁག་གི་འབྲུ་རིགས་ཁེ་ལས་ཀྱིས་འབྲུང་རིགས་རྒྱ་མ་དུང་ཕྱུར་6275ཉོ་བསྡུ་བྱས་ཡོད་པ་དང་། དེའི་ཁྲོད་གཞུང་ཁོངས་ཁེ་ལས་ཀྱིས་རྒྱ་མ་དུང་ཕྱུར2628ཉོ་བསྡུ་བྱས་ཡོད། སྲིད་ཇུས་རང་བཞིན་གྱི་རྒྱ་མ་དུང་ཕྱུར749ཉོ་བསྡུ་བྱས་ཡོད་པ་རེད། རྒྱལ་ཁབ་འབྲུ་རིགས་ཅུས་ཀྱི་ཅུས་ཀྲང་རེན་ཀྲེང་ཞའོ་ཡིས་སྤྱི་ཚེས22ཉིན་སྤྱི་ལོ2013ལོའི་རྒྱལ་ཡོངས་ཀྱི་འབྲུ་རིགས་འཁོར་རྒྱུག་ལས་དོན་གྲོས་ཚོགས་ཐོག རང་རྒྱལ་གྱི་འབྲུ་རིགས་མཁོ་སྤྲོད་སྔར་བཞིན་སྤྱི་འབོར་གཞི་རྩའི་ཆ་ནས་དོ་སྙོམས་ཡིན་པ་དང་། གྲུབ་ཆའི་རང་བཞིན་མི་འདང་བའི་གནས་བབ་ཐོག་གནས་ཡོད་པ་དང་། འབྲུ་རིགས་བདེ་འཇགས་ལ་སྔར་བཞིན་ཚོད་དཔག་བྱེད་ཐབས་བྲལ་བའི་ཉེན་ཁ་དང་རྐྱེན་ངན་གནས་ཡོད། དེ་དང་དུས་མཚུངས་སྤྱི་ཚོགས་ཡོངས་ཀྱི་འཚོ་བཅུད་བདེ་ཐང་འདུ་ཤེས་མཐོ་རུ་ཕྱིན་པས། འབྲུ་རིགས་སྤུས་ཚད་བདེ་འཇགས་ཀྱི་རེ་བའང་མཐོ་རུ་འགྲོ་བཞིན་ཡོད། འབོར་ཚད་ལ་འགན་ལེན་བྱེད་དགོས་པ་མ་ཟད་སྤུས་ཚད་ལའང་འགན་ལེན་བྱ་རྒྱུ་དེ་འབྲུ་རིགས་བདེ་འཇགས་ཀྱི་དོར་ཐབས་མེད་པའི་འོས་འགན་ཞིག་ལ་གྱུར་ཡོད། དེར་བརྟེན་ཞིང་པས་འབྲུ་རིགས་འཚོང་ཁག་པའི་གནད་དོན་ཐོན་འཇུག་རྒྱུ་མེད་ལ། འབྲུ་རིགས་མཁོ་སྤྲོད་བྱེད་མཚམས་ཆད་པའི་གནད་དོན་ཡང་ཐོན་འཇུག་རྒྱུ་མེད། བཏབ་ཟིན་པའི་འབྲུ་རིགས་འཚོང་ཐུབ་པ་དང་། བཟའ་འབྲུ་ཉོ་ཐུབ་པ་ཞེས་པའི་རྒྱལ་ཡོངས་ཀྱི་འབྲུ་རིགས་འཁོར་རྒྱུག་ལས་དོན་གྱི་གཞི་རྩ་དེ་ངེས་པར་དུ་དམ་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག