མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་ད་ལོ་མ་དངུལ་སྒོར་དུང་ཕྱུར1.6བཏང་ནས་སློབ་ལོ་མ་ལོན་གོང་གི་སློབ་གསོར་ཟུར་སྐྱོར་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 10:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་ལོ་མ་ལོན་གོང་གི་སློབ་གསོའི་ཐོན་ཁུངས་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་ཆེད། ད་ལོ། ཤིན་ཅང་གིས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར1.6བཏང་ནས། གཙོ་གནད་ཐོག་གྲོང་གསེབ་ཀྱི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་འགན་སྲུང་སྒྲིག་གཞིར་ཟུར་སྐྱོར་དང་། དམངས་གཉེར་བུ་བཅོལ་ཁང་གོང་འཕེལ་ལ་ཟུར་སྐྱོར། སློབ་ལོ་མ་ལོན་གོང་གི་སློབ་གསོར་རོགས་དངུལ་སྤྲོད་པའི་ལམ་ལུགས་འཛུགས་རྒྱུ། བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་འཆར་གཞི་ལག་བསྟར་བྱ་རྒྱུ་བཅས་ལ་བཏང་སྟེ། གཞི་རྩའི་སློབ་གསོ་དོ་སྙོམས་ངང་གོང་འཕེལ་སྔར་ལས་ལྷག་པ་ཡོང་བ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག