མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀུའེ་ཀྲོའུ་ཡི་རྡོ་སོལ་གཏེར་ཁུང་དོན་རྐྱེན་ནང་མི་སྣ13རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 10:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ1པོའི་ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད7དང་སྐར་མ32ཐོག ཀུའེ་ཀྲོའུ་བན་རྫོང་གི་ཅིན་ཅ་རྡོ་སོལ་གཏེར་དང་ཝ་སིའི་དོན་རྐྱེན་གྱི་ལས་ཡུལ་དངོས་སུ་འཚོལ་སྐྱོབ་རུ་ཁག་གིས་གཏེར་ཁུངས་གི་སྨི15ཡི་སར་རྐྱེན་ལམ་དུ་ཤོར་མཁན་མཐའ་མ་དེ་རྙེད་པ་རེད། མིག་སྔར། གར་སོང་ཆ་མེད་དུ་གྱུར་བའི་གཏེར་འདོན་བཟོ་པ11གི་ཕུང་པོ་ཡོངས་རྫོགས་རྙེད་ཡོད་པ་དང་། ད་ཐེངས་ཀྱི་དོན་རྐྱེན་ནང་མི་སྣ13རྐྱེན་ལམ་དུ་ཤོར་ཡོད་ཅིང་། དོན་རྐྱེན་གྱི་འཚོལ་སྐྱོབ་ལས་དོན་མཇུག་སྒྲིལ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ1པོའི་ཚེས18ཉིན་དོན་རྐྱེན་ཐོན་རྗེས། གཏེར་ཁུང་དུ་ཁྱོན་བསྡོམས་མི18ལུས་ཡོད་པ་དང་། དེའི་ནང་མི5བདེ་འཇགས་ངང་གཏེར་ཁུང་ལས་དོན་ཐུབ་པ་དང་། མི2རྐྱེན་ལམ་དུ་ཤོར་བ། མི11གར་སོང་ཆ་མེད་དུ་གྱུར་བ། གཏེར་ཁུང་དུ་ལུས་པའི་མི་སྣ་མང་ཆེ་བ་བན་རྫོང་ས་གནས་དེ་གའི་མི་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག