མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་བྱ་ཐབས་མང་པོ་སྤྱད་ནས་གྲོང་ཁྱེར་གྱི་མཁའ་རླུང་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 09:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ས་གནས་མང་པོར་སྨུག་པ་འཐིབ་པའི་གནམ་གཤིས་བསྟན་པ་དང་། མཁའ་རླུང་ཧ་ཅང་བཙོག་པོར་གྱུར་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་ཀྲེ་ཧྲེང་ཞན་གྱིས་སྤྱི་ཚེས24ཉིན། མཁའ་རླུང་ཁྲོད་ཀྱི་སྦགས་བཙོག་དངོས་པོའི་འདུས་ཚད་ཨང་གྲངས2.5ཟིན་པ་བཅོས་སྐྱོང་བྱ་རྒྱུ་དེ་འགག་གཏོར་དམག་འཐབ་ཅིག་ཡིན་ལ། རྒྱུན་བསྲིངས་དམག་འཐབ་ཅིག་ཀྱང་ཡིན་པས། ཕྱོགས་བསྡུས་བྱ་ཐབས་སྤྱད་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ལོ2013ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་གནད་གྲོང་ཁྱེར་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་གྲོང་ཁྱེར113དུ་མཁའ་རླུང་ཁྲོད་ཀྱི་སྦགས་བཙོག་དངོས་པོའི་འདུས་ཚད་ཨང་གྲངས2.5ཚུད་པའི་ཚད་གཞི6ལ་ལྟ་ཞིབ་བྱ་རྒྱུ་རེད་ཅེས་གསུངས།

ཀྲེ་ཧྲེང་ཞན་གྱིས་ད་ལོ་མཁའ་རླུང་ཁྲོད་ཀྱི་སྦགས་བཙོག་དངོས་པོའི་འདུས་ཚད་ཨང་གྲངས2.5སྦགས་བཙོག་དངོས་པོ་ཉུང་བཤངས་ཀྱི་བསྡོམས་རྩིས་དང་། ལྟ་ཞིབ་ཚད་ལེན། དཔྱད་དཔོག་མ་ལག་བཅས་ནང་འཇུག་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཚད་གཞིའི་དོ་དམ་ལག་བསྟར་བྱས་ནས། སྤྱི་ལོ2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཚང་མའི་མཁའ་རླུང་སྤུས་ཚད་རིམ་པ་གཉིས་པར་སླེབས་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ཁོང་གིས་ཆབས་ཅིག་ས་ཁོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་མཉམ་འགོག་ཚོད་འཛིན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྦགས་བཙོག་དངོས་པོ་མང་པོ་མཉམ་དུ་འགོག་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། རྡོ་སོལ་འཛད་སྤྱོད་ཀྱི་སྤྱི་འབོར་ཚོད་འཛིན་གྱི་ཚོད་ལྟ་བྱེད་པ་དང་། སྦགས་བཙོག་དངོས་པོ་གསར་དུ་འབུད་བཤངས་བྱ་རྒྱུར་ཚོད་འཛིན་ནན་པོ་བྱ་དགོས་པ། རླུང་ཁམས་ཆེན་མོའི་སྦགས་བཙོག་ཚབས་ཆེ་བའི་གྲོང་ཁྱེར་གྱི། གསར་བསྐྲུན་རྣམ་གྲངས་ལ་ས་ཁོངས་ནང་གི་ལྡབ་འགྱུར་ཚབ་བྱེད་ཀྱི་བྱ་ཐབས་སྤྱོད་དགོས་ཞེས་གསུངས་འདུག

ཀྲེ་ཧྲེང་ཤན་གྱིས་འཕྲུལ་འགུལ་རླངས་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས་ཞེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག