མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་དེ་ཟླ་བ་རྗེས་མར་ལག་བསྟར་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-01-25 09:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་སྟེ《ཆ་འཕྲིན་བདེ་འཇགས་ལག་རྩལ་སྤྱི་སྤྱོད་དང་དེ་བཞིན་ཚོང་སྤྱོད་ཞབས་ཞུའི་ཆ་འཕྲིན་མ་ལག་གི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཕྱོགས་སྟོན》དེ་ཟླ2པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེ་ཐོག་ནས་རང་རྒྱལ་གྱི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་ལས་དོན་དེ་དངོས་སུ“ཚད་གཞི་གཞི་འཛིན་ས་ཡོད་པའི”དུས་མཚམས་སུ་སླེབས་ནས་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་སྤྱི་དམངས་ཀྱི་རེ་འབོད་ཐག་གཅོད་ནུས་ལྡན་བྱུང་བ་མཚོན་ཞིང་། ཚེས21ཉིན་པེ་ཅིན་དུ་འཚོགས་པའི“སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞིའི་སྒྲོག་འགྲེལ་ཚོགས་འདུས”《ཕྱོགས་སྟོན》ལ་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པ་རེད།

ཚད་གཞིའི་ནང་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྐབས་ངེས་པར་དུ་དམིགས་བཀར་དང་། ཁ་གསལ། ལུགས་མཐུན་བཅས་ཀྱི་དམིགས་ཡུལ་ལྡན་དགོས་པ་དང་། སྒེར་གྱི་ཆ་འཕྲིན་གཙོ་བོ་རྟོགས་པའི་གནས་ཚུལ་འོག་སྒེར་གྱི་ཆ་འཕྲིན་གཙོ་བོའི་མོས་མཐུན་ཐོབ་དགོས་པ་དང་སྒེར་གྱི་ཆ་འཕྲིན་སྤྱོད་པའི་དམིགས་ཡུལ་གྲུབ་རྗེས་སྒེར་གྱི་ཆ་འཕྲིན་བསུབ་དགོས་ཞེས་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག