མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ན་ནིང་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་དུས་མཚུངས་ལས12.8%འཕར་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-01-25 09:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས། 2012ལོའི་ཟླ1པོ་ནས12པའི་བར་རྒྱལ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར117210ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས12.8%འཕར་བ་དང་། རྒྱལ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར125712ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར16464ཟིན་ནས15.1%འཕར་ཏེ་དམངས་འཚོ་སོགས་ཀྱི་གཏོང་ཆའི་གཙོ་གནད་འགན་ལེན་ཏན་ཏིག་བྱུང་བ་མངོན་ཡོད།

ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་འཕར་ཚུལ་ལ་བལྟས་ཚེ། དཔལ་འབྱོར་འཕར་གཞི་དལ་དུ་སོང་བ་དང་། ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ཆག་པ། ཟོག་གོང་འཕར་ཚད་ཆག་པ། ལྷག་པར་དུ་བཟོ་གྲྭ་ནས་བཏོན་པའི་ཐོན་ཟོག་གི་རིན་གོང་ཆག་པ། གྲུབ་ཆའི་ཁོངས་གཏོགས་ཀྱི་ཁྲལ་འབབ་འཇལ་ཚད་ཧ་ཅང་ཡང་དུ་ཕྱིན་པ་སོགས་ཀྱི་ཤུགས་རྐྱེན་ལས་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོའི་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས12.2ཆག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག