མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧན་གོའི་འགན་སྒུག་ཙུང་ཐུང་གི་ཆེད་མངག་ཕོ་ཉ་ཅིན་ཝུའུ་ཞིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་།  2013-01-24 11:45

01.jpg

   སྤྱི་ཟླ1པོའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་འགན་སྒུག་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་ཆེད་མངག་ཕོ་ཉ་ཅིན་ཝུའུ་ཞིན་ལ་མཇལ་འཕྲད་གནང་། འདི་ནི་ཅིན་ཝུའུ་ཞིན་གྱིས་ཞི་ཅིན་ཕེན་ལ་ཕེའོ་ཅིན་ཧོས་ཀྱིས་དངོས་སུ་བྲིས་པའི་འཕྲིན་ཡིག་བརྒྱུད་སྤྲོད་བྱེད་པའི་ཚུལ་རེད། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྤྱི་ཟླ1པོའི་ཚེས23ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་འགན་སྒུག་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་ཆེད་མངག་ཕོ་ཉ་ཅིན་ཝུའུ་ཞིན་ལ་མཇལ་འཕྲད་གནང་།

   ཅིན་ཝུའུ་ཞིན་གྱིས་ཕེའོ་ཅིན་ཧོས་ཀྱི་ཀྲུང་གོའི་མགོ་ཁྲིད་པའི་འཚམས་འདྲི་བརྒྱུད་སྒྲོག་དང་ཕེའོ་ཅིན་ཧོས་ཀྱིས་ཞི་ཅིན་ཕེན་ལ་དངོས་སུ་བྲིས་པའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས། ཕེའོ་ཅིན་ཧོས་ཀྱིས་འཕྲིན་ཡིག་ནང་ཀྲུང་གོ་ནི་ཧན་གོའི་ཁྱིམ་མཚེས་རྒྱལ་ཁབ་གཙོ་བོ་ཡིན་ལ། འཐབ་ཇུས་མཉམ་ལས་གྲོགས་པོའང་ཡིན་པས། ངས་ཧན་གོ་དང་ཀྲུང་གོ་བར་གྱི་འབྲེལ་བ་གཙིགས་ཆེན་དུ་འཛིན་རྒྱུ་དང་། རེ་བ་ལ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། མཉམ་དུ་ཕྱེད་གླིང་གི་བརྟན་འཇགས་དང་ཨེ་ཤ་ཡ་བྱང་མའི་ཞི་བདེ་དང་དར་རྒྱས་འབྱུང་བའི་ཕྱོགས་ལ་འབད་བརྩོན་བྱེད་རྒྱུ་དེ་ཡིན་ཞེས་བྲིས་ཡོད།

  ཞི་ཅིན་ཕེན་གྱིས་ཅིན་ཝུའུ་ཞིན་བརྒྱུད་དེ་ཕེའོ་ཅིན་ཧོས་དང་ཧན་གོ་མི་དམངས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་ཧན་གོ་རྒྱལ་ཁབ་བར་གྱི་འགྲོ་འོངས་ལ་ཡུན་རིང་བའི་ལོ་རྒྱུས་ཟབ་མོ་ལྡན། ཕན་ཚུན་བར་འབྲེལ་བ་བཙུགས་ཏེ་ལོ་ཉི་ཤུའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་མྱུར་དུ་འཕེལ་རྒྱས་བྱུང་སྟེ། གྲུབ་འབྲས་གཡུར་ཟ་བ་ཐོབ། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་གཙིགས་ཆེན་དུ་འཛིན་རྒྱུ་དང་། འགན་སྒུག་ཙུང་ཐུང་ཕེའོ་ཅིན་ཧོས་བཏོན་པའི་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བའི་མོས་འདུན་བཟང་བོར་བསྟོད་བསྔགས་བྱེད་རྒྱུ་དང་། ཧན་གོ་ཕྱོགས་དང་ལྷན་དུ་གོ་སྐབས་དམ་འཛིན་དང་། མ་འོངས་པ་གསར་གཏོད། བབ་བསྟུན་མདུན་སྐྱོད་བཅས་ལ་བརྟེན་ནས། མཐོ་རིམ་བར་འགྲོ་འོངས་སྲུང་འཛིན་དང་། ཆབ་སྲིད་དང་དཔལ་འབྱོར། མི་གཞུང་སོགས་ཁྱབ་ཁོངས་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྟན་ནས། མཉམ་དུ་ཀྲུང་གོ་དང་ཧན་གོའི་འབྲེལ་བ་གོང་དུ་སྤེལ་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་ཡར་སྐུལ་གཏོང་འདོད་ཡོད།

  ཞི་ཅིན་ཕེན་གྱིས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོང་བྱེད་རྒྱུ་དེ་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀའི་རྩ་བའི་ཁེ་ཕན་མཐུན་པས། ཕྱེད་གླིག་གི་གནད་དོན་ཐག་གཅོད་ན་རྩ་ལག་མཉམ་བཅོས་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱི་ལྟ་བ་ནི་གྲོས་མོལ་གྱི་ལམ་ནས་ཕྱོགས་སོ་སོའི་དོ་སྣང་བྱེད་པའི་གནད་དོན་ཞི་བའི་སྒོ་ནས་ཐག་བཅད་དེ། ཕྱེད་གླིང་ས་ཁུལ་ཉིང་རྡུལ་མཚོན་ཆ་མེད་པ་དང་ཡུན་རིང་བོར་བརྟན་འཇག་ཡོང་རྒྱུ་དང་། རེ་བ་ལ་ཕྱོགས་དྲུག་གི་གྲོས་མོལ་སྔ་མོ་ནས་ཡང་བསྐྱར་མགོ་རྩོམ་རྒྱུ་དེ་ཡིན་ཞེས་ནན་གྱིས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག