མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་རྫོང་དང་ཤང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་བདམ་ཐོན་ལས་དོན་ཁྱོན་ཡོངས་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་ནས་ཤེས་རྟོགས་བྱུང་གསལ། སྤྱི་ལོ2011ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་རེས་སྐོར་གསར་པའི་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་བའི་འདེམས་བསྐོའི་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་རེད། ཞིང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར31གི་རྫོང་དང་གྲོང་ཁྱེར། ས་གནས2878དང་ཤང་དང་གྲོང་བརྡལ33281གི་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམས་ཐོན་བྱུང་བ་དང་། སྐབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་སྐོང་འཚོགས་བྱེད་བཞིན་པ་དང་། རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྫོང་དང་ཤང་རིམ་པ་གཉིས་ཀྱི་སྲིད་གཞུང་གི་འགོ་ཁྲིད་ཚན་པའི་ཁོང་མི་བདམས་ཐོན་བྱུང་ཡོད།

ད་ཐེངས་ཀྱི་རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་བའི་འདེམས་བསྐོ་དེ་ནི་སྤྱི་ལོ2010ལོར་བདམ་ཐོན་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་རྗེས་ཀྱི་སྐབས་བརྗེ་བའི་འདེམས་བསྐོ་ཐོག་མ་ཡིན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། འདེམས་དམངས་བདམ་ཐོན་ནང་ཞུགས་ཚད་དང་བདམ་ཐོན་བྱུང་ཚད་ཅུང་མཐོ་ཙམ་ཡིན་པ་རེད། རྫོང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐབས་བརྗེ་བའི་འདེམས་བསྐོའི་ནང་ཞུགས་རྒྱུར་ཐོ་འགོད་བྱས་པའི་འདེམས་དམངས་དུང་ཕྱུར9.81ལྷག་ཟིན་པ་དང་། བདམས་ཐོན་བྱུང་བའི་རྫོང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་གྲངས་འབུམ6ལ་ཉེ་བ་ཟིན་ཡོད། ཤང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐབས་བརྗེ་བའི་འདེམས་བསྐོའི་ནང་ཞུགས་རྒྱུར་ཐོ་འགོད་བྱས་པའི་འདེམས་དམངས་དུང་ཕྱུར7.23ལྷག་ཟིན་པ་དང་། བདམས་ཐོན་བྱུང་བའི་ཤང་རིམ་པའི་མི་དམངས་འཐུས་ཚོགས་འཐུས་མི་ས་ཡ1.942ཟིན་ཡོད། རྫོང་དང་ཤང་རིམ་པ་གཉིས་ཀྱི་ཐེངས་དང་པོར་བདམ་ཐོན་བདེ་བླག་བྱུང་བའི་འདེམས་ཁུལ་ཁག་སོ་སོས་འདེམས་ཁུལ་གྱི་སྤྱིའི་གྲངས་འབོར་གྱི99%ཡན་ཟིན་ཡོད།

ད་ཐེངས་སྐབས་བརྗེ་བའི་འདེམས་བསྐོའི་འཐུས་མིའི་གྲུབ་ཆ་ཡང་སྔར་བས་ལེགས་འགྱུར་བྱུང་ཡོད། བདམས་ཐོན་བྱུང་བའི་རྫོང་དང་ཤང་རིམ་པ་གཉིས་ཀྱི་འཐུས་མིའི་ཁྲོད། བཟོ་པ་དང་ཞིང་པ། ཆེད་ལས་ལག་རྩལ་མི་སྣ་བཅས་ཀྱི་བསྡུར་གྲངས་དེ་སྐབས་གོང་མའི་དང་བསྡུར་ན་ཚང་མ་འཕར་ཡོད་ཅིང་། བུད་མེད་འཐུས་མིའི་བསྡུར་གྲངས་ཡང་ཏོག་ཙམ་འཕར་ཡོད། ཏང་སྲིད་ལས་བྱེད་པའི་བསྡུར་གྲངས་ཁག་སོ་སོར4.3%དང2.4%ཆགས་ཡོད། གྲངས་ཉུང་མི་རིགས་དང་ཕྱིར་སྡོད་ཀྲུང་གོ་བའི་འཐུས་མིའི་བསྡུར་གྲངས་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ནས་འགན་ལེན་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག