མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་དཔྱིད་གསར་འགྲུལ་སྐྱེལ་སྐབས་དྲ་ཐོག་ནས་པ་སེ་འཚོང་ཚད་བཅུ་ཆ་དྲུག་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས21ཉིན་གྱི་ཆུ་ཚོད21བར། རྒྱལ་ཡོངས་ལྕགས་ལམ་གྱི་དྲ་གནས་ཁག12306གིས་མེ་འཁོར་པ་སེ་ས་ཡ2.16བཙོངས་ཚར་ཡོད་པ་རེད། སྤྱི་ཚེས21ཉིན་གྱི་རྗེས་ད་ལོའི་དཔྱིད་གསར་དུས་ཆེན་གོང་གི་པ་སེ་འཚོང་བའི་མཐོ་རླབས་མཇུག་འགྲིལ་རྒྱུ་ཡིན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དུས་ཆེན་གོང་གི་པ་སེ་འཚོང་བའི་ཁྲོད་དྲ་སྦྲེལ་ནི་པ་སེ་ཉོ་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དྲ་སྦྲེལ་བརྒྱུད་ནས་པ་སེ་ཉོ་མཁན་གྱིས་པ་སེ་ཉོ་མཁན་སྤྱི་འབོར་གྱི་བཅུ་ཆ་དྲུག་ཟིན་ཡོད་པ་རེད། ཡིན་ནའང་ལྕགས་ལམ་གྱི་པ་སེ་ཧ་ཅང་དཀོན་པའི་གནད་དོན་སྔར་བཞིན་གནས་ཡོད་པ་རེད། སྤྱི་ཟླ1པོའི་ཚེས21ཉིན་ནས་བཟུང་། དྲ་གནས་ཁག་ཆིག་ཁྲི་ཉིས་སྟོང་སུམ་བརྒྱ་བཅུ་མེད་དྲུག་དང་ཁ་པར་བརྒྱུད་ནས་ལོ་གསར་གནམ་གང་རྗེས་ཀྱི་པ་སེ་འཚོང་འགོ་ཚུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དུས་ཆེན་གོང་གི་པ་སེ་འཚོང་བའི་མཐོ་རླབས་དེ་སྤྱི་ཟླ1པོའི་ཚེས14ཉིན་ནས་འཕྱུར་ཡོད་པ་དང་། གཟའ་འཁོར་གཅིག་གི་ནང་རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་པ་སེ་འཚོང་ཚད་ཁ་གྲངས་ས་ཡ7ཙམ་ཟིན་པ་དང་། དྲ་ཐོག་ནས་པ་སེ་འཚོང་བའི་ལས་སྒོ་གོང་འཕེལ་མྱུར་པོ་བྱུང་ཞིང་། དྲ་གནས་ཁག12306ནས་པ་སེ་བཙོངས་ཚད་ཀྱིས་རྒྱལ་ཡོངས་ལྕགས་ལམ་གྱི་པ་སེ་བཙོངས་ཚད་ཀྱི40%ཡི་གཡས་གཡོན་ཟིན་ཡོད། ཡིན་ནའང་ན་ནིང་ཉོ་མཁན་མང་ཤོས་སྐབས་བསྡུར་ཚད་དེ་བརྒྱ་ཆ་ཉི་ཤུ་ལས་ཟིན་གྱི་མེད།

རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྔོན་དཔག་གྲངས་གཞི་ལས་གསལ་བར། ད་ལོའི་དཔྱིད་གསར་དུས་ཆེན་སྐབས། རྒྱལ་ཡོངས་ཀྱི་འགྲུལ་པའི་གྲངས་འབོར་མིའི་ཐེངས་གྲངས་དུང་ཕྱུར34.7ཟིན་རྒྱུ་དང་། དེ་དག་ཁྲོད་ཀྱི6.59ལྕགས་ལམ་བརྒྱུད་ནས་སྐྱེལ་འདྲེན་བྱ་རྒྱུ་དང་། གཞུང་ལམ་འགྲིམ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི90%ཡན་ཟིན་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག