མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་སྲིད་པུའུ་ནས་ལས་རིགས་ལྔའི་བྱ་གཞག་ཚན་པའི་ནོར་དོན་ལམ་ལུགས་ལ་བཟོ་བཅོས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། ལུས་རྩལ། རིག་དངོས། འཆར་ལྡན་བུ་བཙའི་བྱ་གཞག་བཅས་ཀྱི་ཚན་པའི་ནོར་དོན་བྱ་སྤྱོད་སྔར་བས་གཅིག་གྱུར་བཟོས་ནས་ནོར་དོན་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་ཆེད། ནོར་སྲིད་པུའུ་ནས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། ལུས་རྩལ། རིག་དངོས། འཆར་ལྡན་བུ་བཙའ་བཅས་ལས་རིགས་ལྔའི་བྱ་གཞག་ཚན་པའི་ནོར་དོན་ལམ་ལུགས་ལ་བཟོ་བཅོས་བྱས་ཏེ་སྤྱི་ལོ2013ལོའི་ཟླ་བ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་བཟོ་བཅོས་བྱས་པ་དེས་ལས་རིགས་ལྔའི་ནོར་དོན་ལམ་ལུགས་ཀྱི་ནང་དོན་ཁག་བསྐྱར་དུ་སེལ་དཀྲོལ་བྱས་ཤིང་། ལག་ལེན་བྱས་པ་བརྒྱུད་ཕན་ནུས་ལྡན་པ་དང་དུས་མཚམས་གསར་པའི་ལས་རིགས་ཀྱི་བྱ་གཞག་ཚན་པའི་ནོར་དོན་དོ་དམ་གྱི་རེ་བ་དང་འཚམས་པ་ཡིན་ཕྱིན་ཉར་འཇོག་བྱས་ཡོད་པ་རེད། དེ་དང་དུས་མཚུངས་ཉེ་བའི་ལོ་ཤས་ནང་། ལས་རིགས་གོང་འཕེལ་དང་ནོར་དོན་དོ་དམ་སྒྱུར་བཅོས་ཀྱི་འབྲེལ་ཡོད་གནས་ཚུལ་རྣམས་ལམ་ལུགས་ཀྱི་ཐོག་ནས་མངོན་པ་བྱས་པ་དང་། ལས་རིགས་བྱ་གཞག་ཚན་པའི་སྤྱི་ཕན་རང་བཞིན་འབུར་དུ་མངོན་པ་བྱས་པ། བྱ་གཞག་ཚན་པའི་ཡོང་འབབ་དོ་དམ་དང་ཕྱི་ཕྱོགས་མ་འཇོག་དང་ཁེ་གཉེར་བྱེད་སྒོ་སྤེལ་རྒྱུའི་བཅས་ཀྱི་ཐད་གཏན་འབེབས་ནན་པོ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག