མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་བདེ་པུས་ཤོག་སྦག་དང་ཚོན་ཁྲ་ཅན་གྱི་ཤོག་སྦག་ལ་ཞིབ་བཤེར་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པའི་མཚམས་སུ། གང་འདྲ་བྱས་ཏེ་བདེ་འཇགས་ཀྱི་སྤུས་ཚད་ལོན་པའི་ཤོག་སྦག་ཉོ་རྒྱུ་དང་སྤར་རྒྱུ་དེ་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད། སྤྱི་བདེ་པུའི་བདེ་འཇགས་བཅོས་སྐྱོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ལེགས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཁྱོན་ཡོངས་ནས་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁ་འཐེན་ཞིབ་བྱ་རྒྱུ་ཡིན་པ་དང་། མུ་མཐུད་རྣམ་པ་མི་འདྲ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཤོག་སྦག་སྤར་བའི་བདེ་འཇགས་འགན་སྲུང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

འགན་འཁུར་མི་སྣ་དེས། མིག་སྔའི་བར་སླེབས་དུས། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཤོག་སྦག་དང་ཚོན་ཁྲ་ཅན་གྱི་ཤོག་སྦག་བྲིན་ཚོང་ཁེ་ལས55000འཐེན་ཞིབ་བྱས་ཟིན་པ་དང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན9393ལེགས་སྒྲིག་བྱས་པ། ཁྲིམས་འགལ་དང་། ཚད་ལས་བརྒལ་བ། སྤུས་ཞན་བཅས་ཀྱི་ཤོག་སྦག་སྒམ231000དང་། ཤོག་སྦག་རྐང་དུང་ཕྱུར41.1། རྟེན་འབྲེལ་ཤོག་སྦག་རྐང47000བཅས་གཞུང་བཞེས་བཏང་ཡོད་ཅེས་བསྟན།

འགན་འཁུར་མི་སྣ་དེས་ད་དུང་། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ལེགས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་འཐེན་ཞིབ་བྱ་རྒྱུ་དང་། མུ་མཐུད་རྣམ་པ་མི་འདྲ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཤོག་སྦག་སྤར་བའི་བདེ་འཇགས་འགན་སྲུང་བྱ་རྒྱུ་ཡིན་པ་དང་། དུས་མཚུངས་ད་དུང་། དཔྱིད་གསར་དུས་ཆེན་དང་། སྒང་ཞུའི་དུས་ཆེན་སོགས་རིང་གི་གཅིག་འདུས་ཐོག་ཤོག་སྦག་སྤར་བའི་དུས་མཚམས་ཀྱི་སྐོར་ཞིབ་ཁྲིམས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཤོག་སྦག་སྤར་བའི་སྒྲིག་ལམ་སྲུང་སྐྱོང་ཧུར་ཐག་བྱས་ཏེ། མང་ཚོགས་ནས་དུས་ཆེན་དགའ་གཏོང་ཐུབ་ཆེད་སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཞེས་ནན་བཏོན་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག