མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་འབྲུ་རིགས་གྲབས་གསོག་དོ་དམ་སྤྱི་ཁྱབ་ཀུང་སིས་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཏུན་ཁྲི3747ཉོ་སྒྲུབ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-22 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2012ལོར་ཀྲུང་གོའི་འབྲུ་རིགས་གྲབས་གསོག་དོ་དམ་སྤྱི་ཁྱབ་ཀུང་སིས་རིམ་སརྩིས་བྱས་ན། སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཏུན་བྱེ་བ3.747དང་། པད་ཁ་ཏུན་ས་ཡ4.037། ལས་སྣོན་བྱས་པའི་ཟོས་སྣུམ་ཏུན་ས་ཡ1.051བཅས་ཉོ་སྒྲུབ་བྱས་པ་རེད། དབྱར་ཁ་དང་སྟོན་ཁའི་འབྲུ་རིགས་ཉོ་སྒྲུབ་སྲིད་ཇུས་ལོ་སྔོན་མ་ལས་ལག་བསྟར་ཡག་པ་བྱས་པས། ཞིང་པའི་ཁེ་ཕན་དང་། ཁྲོམ་རའི་སྒྲིག་ལམ། རིན་གོང་བརྟན་པོ་ཡོང་བ་བཅས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་པ་དང་། རྒྱལ་ཁབ་ཀྱིས་འབྲུ་རིགས་ཀྱི་འབྱུང་ཁུངས་ལ་ཚོད་འཛིན་སྙོམས་སྒྲིག་བྱེད་རྒྱུ་ལེགས་སུ་ཕྱིན་ཡོད་པ་རེད།

སྤྱི་ལོ2012ལོའི་འབྲུ་རིགས་ཁྲོམ་ར་རྙོག་འཛིང་ཆེ་ལ་འགྱུར་བ་མང་བའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་འབྲུ་རིགས་གྲབས་གསོག་དོ་དམ་སྤྱི་ཁྱབ་ཀུང་སིས་ཚོད་འཛིན་སྙོམས་སྒྲིག་གི་དམིགས་འབེན་དང་འཚམས་པ་བྱས་ཏེ་ཉོ་སྒྲུབ་བརྗེ་རེས་ཡག་པོ་བྱས་ཡོད། ཁྲོམ་རའི་ཐོག་མཁོ་སྤྲོད་ཛ་དྲག་པ་དང་། རིན་གོང་འཕར་ཚད་ཅུང་མགྱོགས་པའི་སྐབས་སུ་ཆུ་འབྲས་དང་མ་རྨོས་ལོ་ཏོག སྲན་ཆེན་བཅས་བརྗེ་རེས་བྱེད་པའི་འཆར་གཞི་བཏོན་ནས། ཁྲོམ་རའི་མཁོ་སྤྲོད་མང་དུ་བཏང་ཡོད་པ་རེད། དབྱར་དུས་དང་སྟོན་དུས་ཀྱི་འབྲུ་རིགས་ཁྲོམ་རའི་ཐོག་བཏོན་རྗེས་རྒྱལ་ཁབ་ཀྱི་ཁྲོམ་རའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཞིང་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཡོད། འབྲུ་རིགས་མངག་ཉོའི་རྒྱ་ཁྱོན་མུའུ་བྱེ་བ1.7ཟིན་པ་དེ་དུས་མཚུངས་ལས་མུའུ་འབུམ9འཕར་བ་དང་། ཉོ་སྒྲུབ་དྲ་ཚིགས4000ཙམ་བཏོད་པ་དེས་ཞིང་པའི་ཁེ་ཕན་དང་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཞིང་པའི་ཐོན་འབབ་མང་དུ་འགྲོ་བ་དང་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཞབས་འདེགས་ཞུས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག