མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སུ་ཤོག་སྦག་བདེ་འཇགས་ངང་སྤར་བའི་གཅིག་བསྡུས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-22 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་སུ་ཤོག་སྦག་གི་བདེ་འཇགས་དོ་དམ་གྱི་དུས་བབ་ཛ་དྲག་པོ་ཡོད་པ་རེད། སྤྱི་ཟླ1པོའི་ཚེས20ཉིན་སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ནས་དུས་གཅིག་ཏུ་ཤོག་སྦག་བདེ་འཇགས་ངང་སྤར་བའི་གཅིག་བསྡུས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་བཀོད་སྒྲིག་བྱས་པ་དང་། ཤོག་སྦག་ཉོ་བའི་ཤེས་བྱ་དང་ཤོག་སྦག་བདེ་འཇགས་ངང་སྤོར་བའི་རྒྱུན་ཤེས་ཁྱབ་གདལ་བཏང་ནས། ཁྲིམས་མཐུན་དང་། དཔལ་ཡོན་ལྡན་པ། བདེ་འཇགས་ངང་ཤོག་སྦག་སྤོར་རྒྱུ་དར་སྤེལ་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཤོག་སྦག་ཐོན་སྐྱེད་དང་བྲིན་འཚོང་བྱེད་པའི་དུས་ཚིགས་ལ་སླེབས་པ་དང་། ཁྲིམས་འགལ་སྒོ་ནས་ཐོན་སྐྱེད་ཁེ་གཉེར་བྱེད་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ནས། ན་ནིང་སྤྱི་ཟླ12པའི་ཟླ་དཀྱིལ་ནས་བཟུང་། སྤྱི་བདེ་པུས་སྔོན་འགོག་ཡག་པོ་དང་། ཞིབ་བཤེར་ནན་པོ། ཁྲིམས་འགལ་ལ་རྡུང་རྡེག བདེ་འཇགས་སྲུང་སྐྱོབ་ཅེས་པའི་ཤོག་སྦག་གི་ཆེད་དོན་ཞིབ་བཤེར་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་བྱས་པ་རེད། མིག་སྔའི་བར་སླེབས་དུས་ཤོག་སྦག་ཐོན་སྐྱེད་བྱེད་མཁན་ཁེ་ལས55000ལ་ཞིབ་བཤེར་བྱས་པ་དང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན9393སེལ་བ། ཉེས་དོན་གྱོད་གཞི1260དང་། བདེ་འཇགས་བཅོས་སྐྱོང་གྱོད་གཞི1254ཞིབ་བཤེར་ཐག་གཅོད་བྱས་པ། ཁྲིམས་འགལ་ཉེས་བསག་མི་སྣ1545ཆད་པ་བཅད་པ། ཁྲིམས་འགལ་དང་ཚད་གཞི་ལས་བརྒལ་བ། ཤོག་སྦག་རྫུན་མ་སྒམ230000དང་། ཤོག་སྦག་དུང་ཕྱུར41.1གཞུང་བཞེས་བཏང་བས་ཤོག་སྦག་ཐོན་སྐྱེད་དང་ཁེ་གཉེར་བྱེད་པའི་ཁྲོམ་ར་ནུས་ལྡན་ངང་གཙང་སེལ་ཐུབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག