མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2012ལོར་ཤིན་ཅང་གིས་གྲོང་གསེབ་ཀྱི་ཡོང་འབབ་ཉུང་བའི་མི་འབོར་ཁྲི30ལྷག་ཉུང་དུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-22 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2012ལོར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་དབུར་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། ཤིན་སྐྱོར་དབུལ་སྐྱོར་བཅས་བཞི་གཅིག་ཏུ་བསྡུས་པའི་དབུལ་སྐྱོར་ཆེན་པོའི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག དབུལ་ཕོངས་ས་ཁུལ་གྱི་ས་ཁོངས་དཔལ་འབྱོར་གོང་འཕེལ་གྱི་ཧེ་བག་སྔར་བས་ཆུང་དུ་བཏང་ཡོད་པ་རེད། དེའི་ནང་། རང་སྐྱོང་ལྗོངས་དང་ཁུལ། རྫོང་དང་གྲོང་ཁྱེར། ཤང་དང་གྲོང་བརྡལ་གྱི་ཏང་སྲིད་ལས་ཁུངས། ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་སྤྱི་ཚོགས་དབུལ་སྐྱོར་མ་ལག་རིམ་པ་བཞི་གྲུབ་ཡོད་པ་དང་། རིམ་པ་ཁག་གི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་ཁྱོན6491ཡོད་པ་དང་། ཐད་ཀར་དབུལ་སྐྱོར་བྱེད་སའི་དབུལ་ཕོངས་གྲོང་ཚོ3868ཡོད་པ། སྤྱི་ཚོགས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱེད་ས་ནས་གྲོང་ཚོ་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད་པ་རེད།

བསྡོམས་རྩིས་རག་ཙམ་བརྒྱབ་པར་གཞིགས་ན། སྤྱི་ལོ2012ལོར་ལྗོངས་དེ་ཡོངས་ཀྱིས་དབུལ་ཕོངས་ས་ཁུལ་ལ་བཏང་བའི་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར200ལྷག་ཙམ་ཟིན་གྱི་ཡོད་པ་རེད། དེའི་ནང་། ལྗོངས་དེ་ཡོངས་ཀྱི་ལས་རིགས་ཚན་པས་དབུལ་ཕོངས་ས་ཁུལ་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར130ལྷག་ཙམ་ཟིན་པ་དང་། ཆེད་དོན་དབུལ་སྐྱོར་དོན་འཁྱོལ་བྱེད་པར་མ་དངུལ་སྒོར་དུང་ཕྱུར22ཙམ་བཀོད་སྒྲིག་བྱས་ཡོད་པ། རིམ་ཁག་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པས་དབུལ་ཕོངས་གྲོང་ཚོར་བཏང་བའི་རིགས་ཁག་གི་དབུལ་སྐྱོར་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར6ཙམ་ཟིན་གྱི་ཡོད་པ། ཤིན་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་དབུལ་ཕོངས་ས་ཁུལ་ལ་བཏང་བའི་མ་དངུལ་གྱི་སྤྱི་འབོར་སྒོར་དུང་ཕྱུར50ལྷག་ཟིན་གྱི་ཡོད་པ་རེད། ལྗོངས་དེ་ཡོངས་སུ་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་འབུམ3ལྷག་ཉུང་དུ་ཕྱིན་པ་དང་། དབུལ་ཕོངས་གྲོང་ཚོ370ལ་གྲོང་ཚོ་ཡོངས་སྐུལ་འདེད་གཏོང་བའི་འཆར་འགོད་ལག་བསྟར་བྱས་པ། དབུལ་ཕོངས་ཀྱི་ཞིང་འབྲོག་པ་མི་གྲངས་འབུམ2ལྷག་ལ་སྦྱོང་བརྡར་བྱས་པ། དབུལ་ཕོངས་ས་ཁུལ་ཞིང་པའི་ཆ་སྙོམས་མི་རེའི་ཡོང་འབབ་གཙང་མ་སྒོར600ཙམ་འཕར་སྣོན་བྱུང་བ། དབུལ་ཕོངས་ས་ཁུལ་གྱི་ཆ་སྙོམས་མི་རེའི་ནོར་སྲིད་ཡོང་འབབ་དང་ཆ་སྙོམས་མི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་ཚད་ཚང་མ་ལྗོངས་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད། ད་ལོ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་སེམས་ཐག་གཙང་བཅད་ཀྱིས་ཞིང་འབྲོག་པའི་འབབ་འཕར་ཐད་གནས་པའི་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ཡིན་པ་དང་། ལྗོངས་དེ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་གྲོང་ཁྱེར་གྱི་ཞིང་འབྲོག་པ་ཆ་སྙོམས་མི་རེའི་ཡོང་འབབ13%འཕར་སྣོན་ཡོང་རྒྱུའི་དམིགས་འབེན་མངོན་འགྱུར་ཐུབ་ཆེད་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།

ད་ལོ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ཤིན་ཅང་ལྷོ་རྒྱུད་ཀྱི་ཁུལ་གསུམ་དང་མཐའ་མཚམས་ས་ཁུལ། དབུལ་ཕོངས་རི་ཁུལ་བཅས་དབུལ་སྐྱོར་འགག་གཏོར་གྱི་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་དང་། ལྷག་པར་དུ་མཐའ་མཚམས་དབུལ་སྐྱོར་ཚོད་ལྟའི་ཁུལ་གཏིང་ཟབ་སྤེལ་རྒྱུ་ཡིན་པ་རེད། དབུལ་སྐྱོར་གྱི་དམངས་འཚོའི་དོན་དངོས་ལས་གཞི་གཙོ་གནད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་པ་དང་། དབུལ་སྐྱོར་སྲིད་ཇུས་ཁག་དབུལ་ཕོངས་ས་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཚོའི་འཚོ་བ་ལེགས་སུ་གཏོང་བའི་ཞིབ་ཕྲའི་རྣམ་གྲངས་ཐོག་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྔ་ཙམ་ཞིབ་མཆན་སྤྲོད་པ་དང་། སྔ་ཙམ་གཤམ་སྤྲོད་བྱེད་པ། སྔ་ཙམ་ལག་བསྟར་བཅས་བྱས་ནས་དབུལ་ཕོངས་མང་ཚོགས་ལ་སྔ་ཙམ་ཕན་པ་ཐོབ་པ་དང་། ཕན་པ་མང་ཙམ་ཐོབ་པ། ཕན་པ་མགྱོགས་ཙམ་ཐོབ་པ་བཅས་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག