མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2012ལོའི་གསར་གཏོད་རྣམ་པའི་རྒྱལ་ཁབ་གོང་འཕེལ་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-22 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་གྱི་འཐབ་ཇུས་སྐུལ་འདེད་ཨུ་ཡོན་ལྷན་ཁང་དང་། ཆིང་ཧྭ་སློབ་ཆེན་གྱི་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཞིབ་འཇུག་བརྗོད་གཞི་ཚོགས་ཆུང་གིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་སྤྱི་ལོ2012ལོའི་གསར་གཏོད་རྣམ་པའི་རྒྱལ་ཁབ་གོང་འཕེལ་གྱི་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པ་རེད།

སྙན་ཞུའི་ནང་སྤྱི་ལོ2012ལོ་ནི་ཀྲུང་གོའི་གསར་གཏོད་གོང་འཕེལ་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་ཡིན་པ་དང་། ལས་རིགས་ཁག་གིས་རང་བརྟེན་གསར་གཏོད་ནུས་པས་སྲོག་ཤིང་དང་། ཚན་རྩལ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བར་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུས་གཙོ་གནད་བྱས་པས། རིག་གནས་ཚན་ཁག་མང་པོ་ཞིག་མཉམ་འདྲེས་དང་ཁྱབ་ཁོངས་གྲོལ་ནས་མཉམ་ལས་བྱེད་པའི་རྣམ་པ་གསར་པ་ཞིག་ཆག་པ་དང་། ཁྱབ་ཁོངས་མང་པོར་གལ་ཆེའི་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་ཡོད་པ་སྟེ། དེའི་ཁྲོད་སློབ་གསོ་དང་། ཤེས་ལྡན་མི་སྣ། ཚན་རྩལ་བཅས་ཀྱི་ཐད་གསར་གཏོད་གྲུབ་འབྲས་དེ་བས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན་པ་དང་། སྙན་ཞུའི་ནང་སྔོན་དཔག་བྱས་ན། སྤྱི་ལོ2013ལོར་རང་རྒྱལ་གྱིས་དམངས་ཀྱི་འཚོ་བའི་གོང་འཕེལ་གསར་གཏོད་དང་། མི་དམངས་ལ་བདེ་སྐྱིད་ཐོབ་པ་བྱེད་པའི་ཐད་གལ་ཆེའི་འགག་གཏོར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

སྙན་ཞུའི་ནང་ད་དུང་སྤྱི་ལོ2012ལོའི་ཀྲུང་གོའི་གསར་གཏོད་གྲོང་ཁྱེར12དང་། སྤྱི་ལོ2012ལོའི་ཀྲུང་གོའི་གསར་གཏོད་རྫོང100། སྤྱི་ལོ2012ལོའི་ཀྲུང་གོའི་གསར་གཏོད་ཚན་རྩལ་གླིང10། སྤྱི་ལོ2012ལོའི་ཀྲུང་གོའི་གསར་གཏོད་ཁེ་ལས11ཞེས་པ་སོགས་དུས་གཅིག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག