མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་གློག་མེད་པའི་མི་འབོར170000ཡི་གློག་གི་གནད་དོན་ཐག་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-22 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་གིས་ད་ལོ་གྲོང་གསེབ་གློག་གི་དྲ་བ་སྒྱུར་བཅོས་རིམ་སྤར་དང་གློག་མེད་པའི་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་བྱ་རྒྱུ་མགྱོགས་སུ་བཏང་ནས་གློག་མེད་པའི་མི་འབོར170000ཡི་གློག་གི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་གློག་གི་དྲ་བའི་ཤིན་ཅང་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཝང་ཧྥང་ལའེ་ཡིས་སྤྱི་ཚེས20ཉིན་གོང་གསལ་གྱི་གནས་ཚུལ་དེ་ངོ་སྤྲོད་གནང་བ་རེད། ཁོང་གིས་སྤྱི་ལོ2012ལོར་ཤིན་ཅང་གི་གྲོང་གསེབ་གློག་གི་དྲ་བ་སྒྱུར་བཅོས་རིམ་སྤར་དང་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཚད་བརྒལ་སྒོ་ནས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཟིན་ཏེ། མི259000གི་གློག་གི་གནད་དོན་ཐག་གཅོད་བྱས་པ་དང་། ཞིང་པ་ས་ཡ4ལྷག་ལ་ཕན་པ་ཐོབ་ཡོད་ཅེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་གི་དྲ་བས་ཤིན་ཅང་ལ་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་། སྔ་ན་མེད་པའི་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་ཀྱི་རྒྱབ་སྐྱོར་བྱས་པས་ཤིན་ཅང་གི་གློག་གི་དྲ་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་ཕྱིན་ཡོད་པ་རེད།

ཝང་ཧྥང་ལའེ་ཡིས་སྤྱི་ལོ2012ལོར་རྒྱལ་ཁབ་ཀྱིས་གྲོང་གསེབ་ཀྱི་གློག་གི་དྲ་བའི་ལས་གཞིའི་མ་དངུལ་ཉུང་གཏོང་བྱས་པའི་རྒྱབ་ལྗོངས་འོག་ཤིན་ཅང་གི་གྲོང་གསེབ་གློག་གི་དྲ་བའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར11.9བཏང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད་ཡོད་ཅེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར། ད་ལོ་ཤིན་ཅང་གིས་འཆར་གཞི་བྱས་ན་ཤིན་ཅང་གིས་ཕྱི་ཕྱོགས་ལ་གློག་གཏོང་ཚད་ཆན་ཝ་དུང་ཕྱུར50ཟིན་རྒྱུ་ཡིན་པ་དང་། རིམ་ཁག་གློག་གི་དྲ་བའི་ལས་འགོ་འཛུགས་པ་དང་འཛུགས་སྐྲུན་བྱེད་བཞིན་པར་བཏང་བའི་མ་དངུལ་སྒོར་དུང་ཕྱུར300ཡི་གཡས་གཡོན་ཟིན་པ་མ་ཟད། ལྷོ་རྒྱུད་ཀྱི་ཅུང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་ཁུལ་གྱི་རིམ་ཁག་གློག་གི་དྲ་བའི་གོང་འཕེལ་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག