མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་དབྱང་པེ་པེན་གྱི་བེམ་པོ་པེ་ཅིན་པ་པོ་རི་བོའི་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས་པ།

    2013-01-22 11:13

000.jpg

  ཟླ1པོའི་ཚེས21ཉིན། བློ་མཐུན་དབྱང་པེ་པེན་གྱི་བེམ་པོ་པེ་ཅིན་པ་པོ་རི་བོའི་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས། པར་འདི་ནི་ཧུའུ་ཅིན་ཐོ་ཡིས་དབྱང་པེ་པེན་གྱི་གཉེན་ཉེ་ལ་འཚམས་འདྲི་གནང་བའི་ཚུལ་རེད།

111.jpg

  ཟླ1པོའི་ཚེས21ཉིན། བློ་མཐུན་དབྱང་པེ་པེན་གྱི་བེམ་པོ་པེ་ཅིན་པ་པོ་རི་བོའི་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས། པར་འདི་ནི་ཞི་ཅིན་ཕེན་གྱིས་དབྱང་པེ་པེན་གྱི་གཉེན་ཉེ་ལ་འཚམས་འདྲི་གནང་བའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། རང་རེའི་དམག་དཔུང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་བྱ་བའི་སྣེ་ཁྲིད་མཁན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་བཞི་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ་ཡི་སྔོན་ཆད་ཀྱི་ཀྲུའུ་རིན་བློ་མཐུན་དབྱང་པེ་པེན་གྱི་བེམ་པོ་ཚེས21ཉིན་པེ་ཅིན་པ་པོ་རི་བོའི་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས།

  བློ་མཐུན་དབྱང་པེ་པེན་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར2013ལོའི་ཟླ1པོའི་ཚེས15ཉིན་གྱི་དུས་ཚོད16དང་སྐར་མ55ཡི་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་དགུང་ལོ93རེད།

  བློ་མཐུན་དབྱང་པེ་པེན་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས། ཧུའུ་ཅིན་ཐོ་དང་ཞི་ཅིན་ཕེན། ཝུའུ་པང་གོ། ཝུན་ཅ་པོ། ཅ་ཆིན་ལིན། ལིས་ཁི་ཆཱང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡོན་ཧྲན། བང་ཆི་ཧྲན། ཀྲང་ཀོ་ལེ། ཅང་ཙེ་མེན་སོགས་མགོ་ཁྲིད་བློ་མཐུན་སྨན་ཁང་དུ་ཕེབས་ནས་འཚམས་འདྲི་གནང་བ་དང་ཡང་ན་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བློ་མཐུན་དབྱང་པེ་པེན་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད་ཁོའི་གཉེན་ཉེ་ལ་འཚམས་འདྲི་གནང་།

  ཚེས21ཉིན་གྱི་སྔ་དྲོར་པེ་ཅིན་པ་པོ་རི་བོའི་སྤྱིའི་བང་སོའི་ཚོམས་ཁང་དུ་བློ་མཐུན་དབྱང་པེ་པེན་ལ་མྱ་ངན་ཞུ་བའི་མཛད་སྒོ་བསྡུས་པ་དང་། ཧུའུ་ཅིན་ཐོ་དང་ཞི་ཅིན་ཕེན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁི་ཆཱང་། ལིག་ཡོན་ཧྲན་སོགས་མྱ་ངན་ཞུ་བའི་མཛད་སྒོར་ཞུགས་པར་མ་ཟད་བློ་མཐུན་དབྱང་པེ་པེན་གྱི་གཉེན་ཉེ་རྣམས་ལ་ཕྱག་འཇུ་གནང་བ་དང་འཚམས་འདྲི་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག