མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རྩལ་བྱ་དགའི་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-19 11:02

ཟླ1ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་མི་དམངས་ཚོགས་ཁང་མོའི་ནང་གཟབ་རྒྱས་ངང་རྒྱལ་ཁབ་ཚན་རྩལ་བྱ་དགའི་ཚོགས་ཆེན་བསྡུས། ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕེན། ཝུན་ཅ་པའོ། ལིས་ཁི་ཆང་། ལིག་ཡུན་ཧྲན་བཅས་ཚོགས་ཆེན་ལ་ཞུགས་ཏེ་བྱ་དགའ་ཐོབ་མཁན་ལ་དགའ་རྟགས་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ1པོའི་ཚེས18ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་རྒྱལ་ཁབ་ཚན་རྩལ་བྱ་དགའི་ཚོགས་ཆེན་བསྡུས། ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕེན། ཝུན་ཅ་པའོ། ལིས་ཁི་ཆང་། ལིག་ཡུན་ཧྲན་བཅས་ཚོགས་ཆེན་ལ་ཞུགས་ཏེ་བྱ་དགའ་ཐོབ་མཁན་ལ་དགའ་རྟགས་གནང་། ཞི་ཅིན་ཕེན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་པ་དང་། ཝུན་ཅ་པའོ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་། ལིས་ཁི་ཆང་གིས་བྱ་དགའི་ཆོད་དོན་བསྒྲགས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་མགོ་ཚུགས་པ་ཁྱབ་བསྒྲགས་གནང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས2012ལོའི་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཚན་རྩལ་བྱ་དགའ་ཐོབ་པའི་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་གླིང་ཤུགས་རིག་པའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲིན་ཀྲེ་མེན་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཀུང་ཟི་གློག་རྡུལ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཞོ་མའོ་གཉིས་ལ་བྱ་དགའི་དཔང་ཡིག་གནང་། དེར་མཐུད་ནས་ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕེན་སོགས་ཀྱིས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ཚན་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མི་ལ་བྱ་དགའ་གནང་།

ཞི་ཅིན་ཕེན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་བྱ་དགའ་ཐོབ་མཁན་མིག་དཔེར་འཛིན་པ་དང་། བདེན་འཚོལ་དངོས་གཉེར་དང་གསར་སྐྲུན་བྱེད་ཕོད་པའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བྱེད་པ་དང་། མེས་རྒྱལ་དང་མི་དམངས་དུས་རྟག་ཏུ་སེམས་ལ་བཅངས་ཏེ། དུས་རབས་དང་དུས་སྐབས་ལ་ངོ་གནོང་མི་དགོས་པའི་གསར་སྐྲུན་གྲུབ་འབྲས་ལེན་པར་འབད་བརྩོན་བྱེད་དགོས་པའི་ཐུགས་རེ་བཏོན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། ཏིན་ཞོ་ཕེན་གྱི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ། གསར་སྐྲུན་ཅན་གྱི་རྒྱལ་ཁབ་མྱུར་དུ་བསྐྲུན་པ་དང་། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་འབད་འཐབ་བྱས་ནས། མཉམ་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་གསར་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

ཝུན་ཅ་པའོ་ཡིས་ཚོགས་ཐོག་ནས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་གིས་ཚོགས་ཐོག་ནས«རྒྱལ་སྲིད་སྤྱི་ཁྱབ་ཁང་གི2012ལོའི་རྒྱལ་ཁབ་ཚན་རྩལ་བྱ་དགའི་ཆོད་དོན»བསྒྲགས། ཝང་ཞོ་མའོ་ཡིས་བྱ་དགའ་ཐོབ་མཁན་གྱི་ཚབ་བྱས་ཏེ་གཏམ་བཤད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དམག་དཔུང་བཅས་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་དང་། རྒྱལ་ཁབ་ཚན་རྩལ་སློབ་གསོ་མགོ་ཁྲིད་ཚོ་ཆུང་གི་ཁོངས་མི། རྒྱལ་ཁབ་ཚན་རྩལ་བྱ་དགའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་སའི་ཚན་རྩལ་ལས་རིགས་ཀྱི་འཐུས་མི་བཅས་མི་སུམ་སྟོང་སུམ་བརྒྱ་ལྷག་ཚོགས་ཆེན་ལ་ཞུགས།

འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་སྟེང་གསུང་བཤད་གནང་བའི་ཚུལ་རེད།

འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་བའི་ཚུལ་རེད།

འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་གིས་ཚོགས་ཐོག་ནས«རྒྱལ་སྲིད་སྤྱི་ཁྱབ་ཁང་གི2012ལོའི་རྒྱལ་ཁབ་ཚན་རྩལ་བྱ་དགའི་ཆོད་དོན»སྒྲོག་པའི་ཚུལ་རེད།

འདི་ནི2012ལོའི་རྒྱལ་ཁབ་ཆེས་མཐོའི་ཚན་རྩལ་བྱ་དགའ་ཐོབ་མཁན་ཝང་ཞོ་མའོ་ཡིས་ཚོགས་ཆེན་སྟེང་གཏམ་བཤད་པའི་ཚུལ་རེད།