མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝུའུ་པང་གོ་ཡིས་ཐེ་གོའི་གྲོས་ཁང་གོང་མའི་གྲོས་དཔོན་ཉི་ཁུང་བཱ་ལ་ཕ་ཉི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-18 10:31

111.jpg

  ཟླ1པོའི་ཚེས17ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་གོའི་གྲོས་ཁང་གོང་མའི་གྲོས་དཔོན་ཉི་ཁུང་བཱ་ལ་ཕ་ཉི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཚེས17ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་གོའི་གྲོས་ཁང་གོང་མའི་གྲོས་དཔོན་ཉི་ཁུང་བཱ་ལ་ཕ་ཉི་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཝུའུ་པང་གོ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་པ་ནི་ཀྲུང་གོའི་ཕྱི་འབྲེལ་ཐད་གཏན་ལ་ཕབ་པའི་བྱེད་ཕྱོགས་ཡིན། ང་ཚོས་ཐེ་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་བྱེད་པ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཐེ་གོ་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

  ཝུའུ་པང་གོ་ཡིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཐེ་གོའི་རྒྱལ་ཚོགས་དང་གྲོས་ཁང་གོང་མ་དང་ཞོལ་མ་བཅས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རིམ་པ་སོ་སོའི་བར་གྱི་མཛའ་མཐུན་འགྲོ་འོང་སྲུང་འཛིན་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། སྣ་མང་གྲོས་ཁང་རྩ་འཛུགས་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ནས། རྒྱལ་ཁབ་རང་རང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཀྲུང་གོ་དང་ཐེ་གོ་བར་གྱི་མཛའ་མཐུན་མཉམ་ལས་སྔར་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  ཉི་ཁུང་གིས་བཤད་རྒྱུར། ཐེ་གོའི་རྒྱལ་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཐེ་གོ་དང་ཀྲུང་གོས་ཆབ་སྲིད་དང་དཔལ་འབྱོར། རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། ཐེ་གོ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །