མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཅ་ཆིན་ལིན་གྱིས་ཐེ་གོའི་གྲོས་ཁང་གོང་མའི་གྲོས་དཔོན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-18 10:30

114408804_11n.jpg

  ཟླ1པོའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཐེ་གོའི་གྲོས་ཁང་གོང་མའི་གྲོས་དཔོན་ཉི་ཁུང་བཱ་ལ་ཕ་ཉི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཚེས16ཉིན་གྱི་ཕྱི་དྲོར་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཐེ་གོའི་གྲོས་ཁང་གོང་མའི་གྲོས་དཔོན་ཉི་ཁུང་བཱ་ལ་ཕ་ཉི་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཅ་ཆིན་ལིན་གྱིས་གསུངས་རྒྱུར། དུས་ཡུན་རིང་བོར་ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཤིང་། དཔལ་འབྱོར་ཉོ་ཚོང་ཐད་ནས་ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་ལས་བྱས་པ་དང་། མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་བཏང་བས། སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་དུ་མཛའ་མཐུན་མཉམ་ལས་བྱེད་པའི་དཔེ་སྟོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཐེ་གོ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

  ཅ་ཆིན་ལིན་གྱིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་དང་ཐེ་གོའི་གྲོས་ཁང་གོང་མ་བར་གྱི་མཛའ་མཐུན་འགྲོ་འོང་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

  ཉི་ཁུང་གིས་བཤད་རྒྱུར། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། དཔལ་འབྱོར་དང་གནས་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། ཐེ་གོའི་གྲོས་ཁང་གོང་མ་དང་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་མང་དུ་གཏོང་བར་མ་ཟད། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །