ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ6པའི་ཚེས7ཉིན་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ལས་སྐྲུན་དངུལ་གཏོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། མིག་སྔའི་ས་ཁང་ཐོན་ལས་ཁྲོམ་རའི་གནས་བབ་དང་གོ་རིམ་རྗེས་མའི་ས་ཁང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་འཛུགས་པའི་འབྲེལ་ཡོད་བྱ་བའི་བསམ་གཞིགས་སྐོར་གྱི་སྙན་ཞུ་ལ་ཉན། གྲོས་ཚོགས་ལསགཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆརདང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམསལས་མ་རྩ་ཐོ་འགོད་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པའི་གཏན་འབེབས(འཆར་ཟིན)ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་བསྡུར་བྱས། 

གྲོས་ཚོགས་ལས་བསྟན་དོན། ལས་སྐྲུན་དངུལ་གཏོང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཚན་རྩལ་དང་། ཐོན་ལས། དངུལ་རྩ་བཅས་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། “བསྡུ་གཏོང་གཉེར་སློག”གི་འབྲེལ་ཐག་ཡོངས་ལ་དམིགས་ནས་རྒྱབ་སྐྱོར་སྲིད་ཇུས་ལེགས་སྒྱུར་བྱས་ཏེ་འགན་བཅོལ་མ་དངུལ་དང་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་སོགས་ལ་ཡུན་རིང་མ་དངུལ་གཏོང་བར་སྐུལ་འདེད་དང་། ཕྱི་རྒྱལ་གྱི་མ་དངུལ་གྱིས་ཐེབས་རྩ་ལ་མ་དངུལ་གཏོང་བ་དང་ཕྱིར་འཐེན་ཐབས་ལམ་རྒྱ་ཆེར་གཏོང་བ། སྡེབས་ཉོ་བསྐྱར་སྒྲིག་དང་ཐོབ་དངུལ་བརྒྱུད་སྐོར་བྱེད་པ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ལས་སྐྲུན་དངུལ་གཏོང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

གྲོས་ཚོགས་ལས་བསྟན་དོན། ས་ཁང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དཔལ་འབྱོར་འཁོར་སྐྱོད་དང་དངུལ་རྩ་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ས་ཁང་ཐོན་ལས་ཁྲོམ་རའི་མཁོ་སྤྲོད་དང་དགོས་མཁོའི་འབྲེལ་བའི་འགྱུར་ལྡོག་གསར་པར་ངོས་འཛིན་གང་ལེགས་བྱས་ཏེ།  མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་སྡོད་ཁང་ལ་བཅངས་པའི་རེ་སྒུག་གསར་པ་དང་བསྟུན་ནས། བཏོན་ཟིན་པའི་སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཛོད་ཉར་མེད་པར་བཟོ་བ་དང་ཁྲོམ་ར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་གསར་པ་མུ་མཐུད་ཞིབ་འཇུག་དང་གསོག་འཇོག་བྱ་དགོས། བསགས་པའི་ཁང་ཁོངས་དང་ས་ཞིང་འཁོར་རྒྱུག་དང་།  ཉོ་ཚོང་སོགས་ཀྱི་བྱ་བར་བསམ་བློ་བཅིངས་འགྲོལ་དང་བསམ་བཀོད་རྒྱ་ཆེར་གཏོང་དགོས་ལ།  སྟངས་འཛིན་བརྟན་པོ་དང་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་ཁང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་གྱིས་འཛུགས་པ་དང་།“ཁྲོམ་ར་དང་འགན་སྲུང”གི་སྡོད་ཁང་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྱུར་བཅོས་བཅས་བྱས་ཏེ་ས་ཁང་ཐོན་ལས་ཁྲོམ་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་རང་རྒྱལ་གྱིས་འཛམ་གླིང་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་དྲ་བ་ཆེ་ཤོས་བསྐྲུན་ཟིན་པས་འགན་བཅོལ་ནང་ཞུགས་པའི་གྲུབ་ཆ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་འགན་བཅོལ་ནང་ཞུགས་པའི་སྤུས་ཚད་ཇེ་མཐོར་གཏོང་དགོས་ཞེས་བསྟན་ཡོད། འགན་བཅོལ་ནང་ཞུགས་པའི་ཁྱིམ་ཐོའི་ཚོད་འཛིན་སྔར་ལས་ཇེ་ཡངས་སུ་གཏོང་བ་དང་། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ཐུན་མོང་རོགས་རམ་ཁྱབ་ཁོངས་ཁོད་ཇེ་ཡངས་སུ་བཏང་ནས། བསྟུད་མར་འགན་བཅོལ་ནང་ཞུགས་པ་དང་ཐེབས་རྩ་རྩིས་ཞུར་སྐུལ་མ་གཏོང་བའི་ལམ་སྲོལ་འཛུགས་པ། གཏན་འཇགས་ཀྱི་སྒུག་ཡུན་དང་འགྱུར་ལྡོག་གི་སྒུག་ཡུན་གཏན་ཁེལ་བྱེད་པ།  སྨན་བཅོས་འགན་བཅོལ་དོ་དམ་དང་སྨན་བཅོས་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ་མང་ཚོགས་འགན་བཅོལ་ནང་ཞུགས་པའི་ཐོབ་ཚོར་ཇེ་དྲག་དང་སྨན་བཅོས་སྟབས་བདེར་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ཐོ་འགོད་མ་རྩའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་གསར་དུ་བཟོ་བཅོས་བརྒྱབ་པའི་ཀུང་སིའི་བཅའ་ཁྲིམས་ཀྱི་བླང་བྱ་དོན་འཁྱོལ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་དགོས་མཁོ་རེད། གསོག་འབོར་ཀུང་སིའི་མ་དངུལ་གཏོང་བའི་དུས་བཀག་ལེགས་སྒྲིག་སོགས་སྲིད་ཇུས་ལག་བསྟར་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་།  ཀུང་སིས་མ་རྐང་འཇོག་མཁན་གྱིས་ཁྲིམས་ལྟར་མ་དངུལ་འཇོག་པའི་འོས་འགན་ཚད་ལྡན་དུ་གཏོང་བར་མཛུབ་ཁྲིད་བྱེད་པ་དང་། ཐོ་འགོད་ཞབས་ཞུ་ཇེ་ལེགས་སུ་གཏོང་བ།  སྲིད་ཇུས་དྲིལ་སྒྲོག་དང་གསལ་འགྲེལ་ཡག་པོ་བྱེད་པ་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་པོ་མུ་མཐུད་དུ་གཏོད་དགོས།

གྲོས་ཚོགས་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་བསྡུར་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད། 

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།