ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ5རིང་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་པ་དུས་མཉམ་ལས6.3%འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་སྒོ་ཁྲལ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ5རིང་། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་སྒོར་དུང་ཕྱུར་ཁྲི17.5ལ་སླེབས་ཤིང་དུས་མཉམ་ལས6.3%འཕར་ཡོད། དེའི་ནང་། ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི9.95དང་དུས་མཉམ་ལས6.1%འཕར་ཞིང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི7.66དང་དུས་མཉམ་ལས6.4%འཕར་ཡོད། ད་ལོའི་ཚུན་དུ། རང་རྒྱལ་དཔལ་འབྱོར་འཁོར་རྒྱུག་མུ་མཐུད་དུ་ཇེ་ལེགས་སུ་སོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ལེགས་པའི་རྣམ་པའང་བསྟུད་མར་སྲ་བརྟན་དུ་གྱུར་ཡོད། ཟླ5པར། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་དུས་མཉམ་ལས8.6%འཕར་བ་དང་། ཟླ་དེའི་འཕར་ཚད་སྔར་ལས་ལྷག་པར་ཇེ་མགྱོགས་སུ་སོང་ཡོད།

སྒོ་ཁྲལ་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་སྔོན་མ5རིང་། རང་རྒྱལ་གྱི་སྤྱིར་བཏང་ཉོ་ཚོང་དང་ལས་སྣོན་ཉོ་ཚོང་། ཁྲལ་སྲུང་འཁོར་རྒྱུག་གི་ཕྱིར་གཏོང་ནང་འདྲེན་ཚང་མ་གོང་དུ་འཕར་ཡོད། དེའི་ནང་། སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི11.4དང་དུས་མཉམ་ལས5.6%འཕར་ལ། དེས་རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་སྤྱི་འབོར་གྱི65.1%ཟིན་ཡོད། ལས་སྣོན་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི3.02དང་དུས་མཉམ་ལས1.6%འཕར་བ་དང་དེས17.3%ཟིན་ཡོད། རང་རྒྱལ་གྱིས་ཁྲལ་སྲུང་དངོས་ཟོག་འཁོར་རྒྱུག་གི་རྣམ་པས་ཕྱིར་གཏོང་ནང་འདྲེན་བྱས་པ་སྒོར་དུང་ཕྱུར་ཁྲི2.42དང་དུས་མཉམ་ལས16.5%འཕར་ཡོད།

ཟླ་སྔོན་མ5རིང་། ཤར་ཕྱོགས་མནའ་འབྲེལ་ནི་རང་རྒྱལ་གྱི་ཉོ་ཚོང་རོགས་ཟླ་ཆེ་གྲས་སུ་གྱུར་ཡོད་པ་དང་། རང་རྒྱལ་དང་ཤར་ཕྱོགས་མནའ་འབྲེལ་གྱི་ཉོ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་ཁྲི2.77ལ་སླེབས་ཤིང་དུས་མཉམ་ལས10.8%ཟིན་པ་དང་། དེས་རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་སྤྱི་འབོར་གྱི་བསྡུར་ཚད་གྱི15.8%ཟིན་ཡོད། རང་རྒྱལ་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་ལ་བསྡོམས་པས་ཕྱིར་གཏོང་བྱས་པ་སྒོར་དུང་ཕྱུར་ཁྲི8.31ལ་སླེབས་པ་དང་དུས་མཉམ་ལས7.2%འཕར་ཡོད།

སྒོ་ཁྲལ་ལས་ཁུངས་ཀྱིས་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། འཕྲུལ་གློག་ཐོན་རྫས་གྱིས་ཕྱིར་གཏོང་གི་བསྡུར་ཚད་ཀྱི་བཅུ་ཆའི་དྲུག་ཙམ་ཟིན་པ་དང་། དེའི་ནང་རང་འགུལ་གཞི་གྲངས་ཐག་གཅོད་སྒྲིག་ཆས་དང་དེའི་ལྷུ་ལག། ཕྱོགས་བསྡུས་གློག་ལམ། རླངས་འཁོར་ཕྱིར་གཏོང་བཅས་གོང་དུ་འཕར་ཡོད། ཟླ་སྔོན་མ5རིང་། རང་རྒྱལ་གྱིས་ཕྱིར་གཏོང་བྱས་པའི་འཕྲུལ་གློག་ཐོན་རྫས་སྒོར་དུང་ཕྱུར་ཁྲི5.87ལ་སླེབས་ཤིང་དུས་མཉམ་ལས7.9%ཟིན་པ་དང་དེས་ཕྱིར་གཏོང་སྤྱི་འབོར་གྱི59%ཟིན་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།