ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ4ཡི་རིང་གློག་འཕྲིན་ལས་སྒོའི་སྤྱི་འབོར་དུས་མཉམ་ལས12.5%འཕར་སྣོན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ4ཡི་རིང་། རང་རྒྱལ་གྱི་གློག་འཕྲིན་ལས་རིགས་སྤྱིའི་ཆ་ནས་འཁོར་སྐྱོད་བརྟན་བརླིང་ཡིན། གློག་འཕྲིན་ལས་སྒོའི་ཡོང་སྒོ་བསྡོམས་པས་སྒོར་དུང་ཕྱུར5924ལེགས་འགྲུབ་བྱས་ཏེ། དུས་མཉམ་ལས4%འཕར་བ་དང་། ན་ནིང་གི་མི་འགྱུར་བའི་རིན་གོང་ལྟར་རྩིས་བརྒྱབ་ན་གློག་འཕྲིན་ལས་སྒོའི་སྤྱི་འབོར་དུས་མཉམ་ལས12.5%འཕར་སྣོན་བྱུང་ཡོད།

གསར་དར་ལས་སྒོའི་ཡོང་འབབ་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས། རྨང་གཞིའི་གློག་འཕྲིན་ཁེ་ལས3གྱིསIPTVདང་དྲ་སྦྲེལ་གྲངས་གཞིའི་ལྟེ་གནས། གྲངས་འཛིན་ཆེན་མོ། སྤྲིན་རྩིས། དངོས་ཟོག་དྲ་སྦྲེལ་སོགས་གསར་དར་ལས་སྒོ་སོགས་ཧུར་ཐག་སྒོས་འཕེལ་རྒྱས་བཏང་སྟེ། ཟླ་སྔོན་མ4ཡི་ནང་ལས་སྒོའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར1508ཟིན་པ་དེ་དུས་མཚུངས་ལས11.2%འཕར་ནས། གློག་འཕྲིན་ལས་སྒོའི་ཡོང་འབབ་ཀྱི25.5%བཟུང་སྟེ། གློག་འཕྲིན་ལས་སྒོའི་ཡོང་འབབ་བརྒྱ་ཆའི་ཚེག2.7འཕར་བར་སྐུལ་ཁྲིད་བྱས། དེའི་ནང་སྤྲིན་རྩིས་དང་གྲངས་འཛིན་ཆེན་མོའི་ཡོང་འབབ་དུས་མཚུངས་ལས16%དང44.1%སོ་སོར་འཕར་བ་དང་ཟོག་སྦྲེལ་ལས་སྒོའི་ཡོང་འབབ་དུས་མཚུངས་ལས14.5%འཕར་ཡོད།

5Gདྲ་རྒྱ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་ཀྲའོ་སྟོང་དྲ་རྒྱ་མཐུད་འཇུག་ནུས་པ་མུ་མཐུད་ཆེ་རུ་ཕྱིན་ཡོད། ཟླ4པའི་ཟླ་མཇུག་བར་རང་རྒྱལ་གྱི5Gསྦྲེལ་ཚུགས་བསྡོམས་འབོར་ཁྲི374.8ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི37.2འཕར་ནས། སྒུལ་བདེའི་སྦྲེལ་ཚུགས་བསྡོམས་འབོར་གྱི31.7%བཟུང་བ་དང་དུས་ཚིགས་དང་པོ་ལས་བརྒྱ་ཆའི་ཚེག1.1འཕར་ཡོད། རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་ཆེན་མཐུད་འཇུག་མཐུད་སྣེ་དུང་ཕྱུར11.6ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི2387འཕར་ཡོད།

5Gསྤྱོད་མཁན་གྱིས་བཅུ་ཆ་ལྔ་ལས་བརྒལ་བ་ཟིན། ཟླ4པའི་ཟླ་མཇུག་བར་རྨང་གཞིའི་གློག་འཕྲིན་ཁེ་ལས3དང་ཀྲུང་གོའི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་སྒུལ་བདེའི་ཁ་པར་སྤྱོད་མཁན་བསྡོམས་པས་དུང་ཕྱུར17.59ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་དུང་ཕྱུར1528འཕར། དེའི་ནང5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར8.89ཟིན་པ་དེས་སྒུལ་བདེའི་ཁ་པར་སྤྱོད་མཁན་གྱི50.6%ཟིན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།