ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་རྒྱུད་གྲོང་ཁྱེར་གྱི་རྒྱ་མཚོའི་གད་སྙིགས་གཙང་སེལ་འགུལ་སྐྱོད་ཇུས་གཞི》དཔར་འགྲེམ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སྐྱེ་ཁམས་ཁོར་ཡུག་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱིས་དཔར་འགྲེམ་བྱས་པའི《མཚོ་རྒྱུད་གྲོང་ཁྱེར་གྱི་རྒྱ་མཚོའི་གད་སྙིགས་གཙང་སེལ་འགུལ་སྐྱོད་ཇུས་གཞི》(གཤམ་དུ《འགུལ་སྐྱོད་ཐུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། རྒྱལ་ཡོངས་ཀྱི་མཚོ་རྒྱུད་གྲོང་ཁྱེར་གྱི་མཁར་གྲོང་དུ་ཆུས་མུ་འབྲེལ་གྱི་མཚོ་ཁུགས65རུ་ལོ3རིང་གི་དྲ་རྒྱ་སྡུད་ཐབས་ཀྱི་རྒྱ་མཚོའི་གད་སྙིགས་གཙང་སེལ་འགུལ་སྐྱོད་སྤེལ་རྒྱུ་རེད།

《འགུལ་སྐྱོད་ཇུས་གཞིའི》ཁྲོད་ཧྥུའུ་ཅན་སོགས་ས་ཁུལ་གྱི་རྒྱ་མཚོའི་གད་སྙིགས་བཅོས་སྐྱོང་གི་ཉམས་མྱོང་དང་ཅའོ་ཀྲོའུ་མཚོ་ཁུགས་སོགས་གཙོ་གནད་མཚོ་ཁུག11གི་ཆེད་དོན་ཆུ་རྐྱལ་གཙང་སེལ་འགུལ་སྐྱོད་ཀྱི་གྲུབ་འབྲས་དཔྱད་གཞིར་བཟུང་ནས། ས་གནས་ཀྱི་བྱ་བའི་རྨང་གཞིར་བསམ་གཞིག་གང་ལེགས་བྱས་ཏེ། འབྲེལ་ཡོད་མཚོ་རྒྱུད་ས་གནས་སྒྲིག་འཛུགས་བྱས་ནས“མཚོ་ཁུགས་གཅིག་ལ་ཐབས་ཇུས་གཅིག”གི་རྒྱ་མཚོའི་གད་སྙིགས་གཙང་སེལ་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། 2025ལོར“མཚོ་ཁུགས65ནང་གི་གད་སྙིགས་དུས་ཐོག་ཏུ་གཙང་སེལ་ནུས་ལྡན་བྱས་ནས། མཚོ་ངོས་སུ་གཡེང་བའི་གད་སྙིགས་ཀྱི་འདུས་ཚད་མངོན་གསལ་གྱིས་ཆག་པ”དང2027ལོར“མཚོ་ཁུགས65ནང་གི་རྒྱ་མཚོའི་གད་སྙིགས་ཀྱི་འདུས་ཚད་ཆེས་ཆེར་ཆག་ནས། རྒྱུན་གཏན་ཅན་དུ་འགྱུར་བ་བྱས་ཏེ་གཙང་སྦྲའི་ཆུ་ཚད་དུ་སླེབས་པ”སོགས་ཀྱི་དམིགས་ཚད་གསལ་བོ་བཏོན།

《འགུལ་སྐྱོད་ཇུས་གཞིའི》ཁྲོད་རྒྱ་མཚོའི་གད་སྙིགས་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐམ་ས་ནས་ཐོན་པའི་གད་སྙིགས་རྒྱ་མཚོར་འཛུལ་བར་ཚོད་འཛིན་ནན་མོ་བྱེད་པ། མཚོ་ཐོག་གད་སྙིགས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་འགྲམ་དང་མཚོ་ཐོག་གཡེང་བའི་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་པ། མཚོ་འགྲམ་དུ་འཛུལ་བའི་གད་སྙིགས་ཚད་ལྡན་ངང་གཙང་སེལ་བྱེད་པ། རྒྱ་མཚོའི་གད་སྙིགས་བརྟག་དཔྱད་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་གཙོ་གནད་ལས་འགན་ཁག6འཛུགས་པར་གཏན་ཁེལ་གསལ་བོ་བྱས་ནས། མཚོ་རྒྱུད་ས་ཁུལ་གྱི་སྐམ་ས་དང་རྒྱ་མཚོའི་གཅིག་གྱུར་འཆར་འགོད་བཅོས་སྐྱོང་བྱེད་པའི་དོ་དམ་གྱི་གདུབ་ཟུམ་ཆགས་པར་ཁྲིད་སྟོན་བྱས། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།