ཀྲུང་གོ་བོད་ཀྱི་དྲ་བ།

2023ལོར་རྒྱལ་ཡོངས་སུ་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་ལས་གཞི156ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རང་བྱུང་ཐོན་ཁུངས་པུའི་རྒྱ་མཚོའི་འཐབ་ཇུས་འཆར་འགོད་དང་དཔལ་འབྱོར་སིས《2023ལོའི་རྒྱལ་ཡོངས་ཀྱི་མཚོ་ཆུ་བེད་སྤྱོད་སྙན་ཞུ》ཁྱབ་བསྒྲགས་བྱས། སྙན་ཞུའི་ཁྲོད་མངོན་པར། 2023ལོར་རྒྱལ་ཡོངས་སུ་ད་ཆ་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་ལས་གཞི156ཡོད་པ་དང་ལས་གཞིའི་གཞི་ཁྱོན་ཉིན་རེར་ཏུན2522956ཡོད་པ་དེ2022ལོ་ལས་ཉིན་རེར་ཏུན165908འཕར་ཡོད། རྒྱལ་ཡོངས་ཀྱི་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་ལས་གཞི་ནི་ལིའོ་ཉིང་དང་ཐེན་ཅིན། ཧོ་པེ། ཧྲན་ཏུང་། ཅང་སྲུའུ། ཀྲེ་ཅན། ཧྥུའུ་ཅན། ཀོང་ཏུང་། ཀོང་ཞི། ཧའེ་ནན་བཅས་མཚོ་རྒྱུད་ཞིང་ཆེན10རུ་ཁྱབ་ཡོད། མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་སྤྱོད་སྒོ་ནི་བཟོ་ལས་ཀྱི་ཆུ་སྤྱོད་དང་འཚོ་བའི་ཆུ་སྤྱོད་རྒྱུ་གཙོ་བོ་ཡིན།

སྙན་ཞུའི་ཁྲོད2023ལོར་རྒྱལ་ཡོངས་ཀྱི་མཚོ་ཆུའི་གྲང་བཟོ་བྱེད་ཚད་ཏུན་དུང་ཕྱུར1853.79ཟིན་པ་དེ2022ལོ་ལས་ཏུན་དུང་ཕྱུར83.32འཕར་བ་དང་། ལིའོ་ཉིང་དང་ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཀོང་ཏུང་བཅས་ཀྱི་ལོ་རེའི་མཚོ་ཆུའི་གྲང་བཟོ་བྱེད་ཚད་ཏུན་དུང་ཕྱུར་བརྒྱ་ལས་བརྒལ་བ་མངོན་ཡོད།

མཚོ་རྒྱུད་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱིས་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་ཆུ་བཀོད་སྒྲིག་དང་བེད་སྤྱོད་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། ཧོ་པེ་དང་ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་། ཀོང་ཞི། ཧའེ་ནན་སོགས་ཀྱིས་མཚོ་ཆུ་བེད་སྤྱོད་བྱ་རྒྱུ་དེ་ས་གནས་དེ་གའི་རྒྱུན་གཏན་མིན་པའི་ཆུ་ཁུངས་བཀོད་སྒྲིག་དང་། ཆུའི་ཐོན་ཁུངས་བེད་སྤྱོད། ཐཱན་རྩེར་སོན། རྒྱ་མཚོའི་དཔལ་འབྱོར་སོགས་ལག་བསྟར་ཇུས་གཞི་དང་། དོ་དམ་སྲོལ་ཡིག་ཡང་ན་ལག་བསྟར་བསམ་འཆར་བཅས་ཀྱི་ཁྲོད་འཇུག་པས། མཚོ་རྒྱུད་ཆུ་མཁོ་འདོན་འགན་སྲུང་མ་ལག་ཁྲོད་དུ་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་ནུས་པ་སྔར་ལས་ཆེ་རུ་ཕྱིན་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།