ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅི་ཡིས་སའེ་ཨེར་ཝེ་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས5ཉིན་པེ་ཅིང་དུ་སའེ་ཨེར་ཝེ་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་དང་གྲོས་དཔོན་གཞོན་པ་ཕཱ་ཝུའུ་ནུའོ་ཝེ་ཆི་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཟླ6པའི་ཚེས5ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་སའེ་ཨེར་ཝེ་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་དང་གྲོས་དཔོན་གཞོན་པ་ཕཱ་ཝུའུ་ནུའོ་ཝེ་ཆི་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ད་ལོའི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁའི་ངང་སའེ་ཨེར་ཝེ་ཡར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཙུང་ཐུང་ཝུའུ་ཆི་ཆི་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བཏོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སའེ་ཨེར་ཝེ་ཡའི་རྒྱལ་དམངས་གྲོས་ཚོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་འཐབ་ཇུས་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རིམ་པ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་དང་། ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་འདོན་སྤེལ་བྱེད་པ། མཛའ་གྲོགས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་རང་མོས་ཚོང་དོན་གྲོས་མཐུན་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་དང་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ། མི་གཞུང་དང་ས་གནས་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད།

སའེ་ཨེར་ཝེ་ཡ་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འགྲོ་འོང་དམ་ཟབ་བྱས་ནས་དུས་རབས་གསར་པའི་སའེ་ཨེར་ཝེ་ཡ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་བྱས་རྗེས་འབུལ་འདོད་ཡོད།

ཕིན་ཆིན་ཧྭ་ཐུག་འཕྲད་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།