ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཞི་ཀྲུང་དབྱང་ཏང་གི་སློབ་གྲྭའི2024ལོའི་དཔྱིད་དུས་སློབ་མགོ་ཚུགས་པའི་སྐོར་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཚེས16ཉིན2024ལོའི་དཔྱིད་དུས་སློབ་མགོ་ཚུགས་པའི་སྐོར་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མགོ་ཚུགས་པའི་མཛད་སྒོ་བསྡུས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་གཙོ་ཁྲེན་ཞི་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།“གཏན་ཕབ་གཉིས”ཀྱི་གཏན་ཁེལ་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་བླངས་ནས།“ཡིད་ཆེས་བཞི”ཇེ་དྲག་དང“ཡིད་ཆེས་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་དོན་རླབས་ཆེན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་པར་བསྟན།

ཁྲེན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་གལ་ཆེན་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་འདུས་ཡོད། དེ་ནི་ང་ཚོའི་ཏང་གིས་དེང་རབས་ཅན་འཛུགས་སྐྲུན་ལ་མའགོ་ཁྲིད་བྱེད་པའི་ལག་ལེན་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཕྱོགས་སྡོམ་ཡིན་པས། མར་ཁེ་སིའི་རིང་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་ཆེད་ཐོག་མའི་རང་བཞིན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡང་དག་ལེན་པ་དང་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཀྱང་བྱས་ཡོད། མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་དང་མཉམ་འདྲེས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་འཚམ་པའི་ཆབ་སྲིད་ནུས་པ་དང་མགོ་ཁྲིད་ནུས་པ། བྱ་བའི་ནུས་པ་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་དང་དངོས་སྒྲུབ་པ་ཡག་པོ་བྱས་ནས། དཀའ་གནད་སྒྲོལ་བའི་འགུལ་སྐྱོད་དངོས་ལ་བརྟེན་ནས་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་གོམ་པ་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་དགོས་པར་བསྟན།

ཀྲུང་གོའི་ཕུའུ་ཏུང་དང་ཅིན་ཀང་རི་བོ། ཡན་ཨན་བཅས་ལས་བྱེད་པའི་སློབ་གླིང་གི་སློབ་མ་བརྙན་ལམ་ཚོགས་འདུའི་མ་ལག་བརྒྱུད་དེ། དུས་གཅིག་ཏུ་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།