ཀྲུང་གོ་བོད་ཀྱི་དྲ་བ།

《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བརྟག་བཤེར་ཚད་ལེན་དམིགས་ཚད》ཀྱི་ས་གནས་ཚད་གཞི་ལ་ཞིབ་བཤེར་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས14ཉིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་རྩོམ་སྒྲིག་བྱས་པའི《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བརྟག་བཤེར་ཚད་ལེན་དམིགས་ཚད》ཀྱི་ས་གནས་ཚད་གཞིའི་ལག་རྩལ་ཞིབ་བཤེར་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ་དང་། ཚད་གཞི་ལ་ཆེད་མཁས་ཚན་ཆུང་གི་ཞིབ་བཤེར་ཐོབ་ནས་དུས་ཚོད་བདམས་ནས་ཁྱབ་བསྒྲགས་བྱ་རྒྱུ་རེད།

ཚད་གཞི་གཏན་ཁེལ་བྱས་པ་དེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བརྟག་བཤེར་ཚད་ལེན་ལ་གཅིག་གྱུར་དང་མ་ལག་ལྡན་པའི་བརྟག་ཐབས་སྨྲ་བའི་རྨང་གཞི་འདོན་སྤྲོད་བྱས་ནས། གཞི་གྲངས་གསོག་བསྡུའི་ཡང་དག་རང་བཞིན་དང་བསྡུར་ཆོག་རང་བཞིན་ལ་ཁག་ཐེག་བྱས་ཡོད། ས་ཁོངས་ཀྱི་ཐོན་ཁུངས་དང་ནགས་ཚལ་ཐོན་ཁུངས། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཚད་མང་པོའི་ཕྱོགས་བསྡུས་བརྟག་བཤེར་ཚད་ལེན་བྱེད་པ་བརྒྱུད། དུས་ལྟར་ཡང་དག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ཁ་ཕྱོགས་ལ་དཔྱད་འཇོག་བྱེད་ཐུབ་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཇུས་ཆོད་ལ་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་ཐུབ། རྒྱུན་མཐུད་ཀྱི་སྐྱེ་ཁམས་བརྟག་བཤེར་ཚད་ལེན་དང་དཔྱད་འཇོག་བྱེད་པ་བརྒྱུད། དུས་ལྟར་སྐྱེ་ཁམས་གནད་དོན་གསར་རྙེད་དང་དེར་ཁ་གཏད་འཇལ་ཐུབ་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཅན་དང་གནད་ཁེལ་ཅན། རིག་ནུས་ཅན་བཅས་ཀྱི་སྲུང་སྐྱོང་དང་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ།

འཛམ་གླིང་གི་ཡང་རྩེ་མདོ་དབུས་མཐོ་སྒང་དུ་ཆགས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱིས་ཆེས་ཐོག་མར་སྤེལ་བའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཀྱི་ཚོད་ལྟའི་ས་ཚིགས་ཡིན་པ་དང་། དེའི་གཞི་ཁྱོན་ཆེ་བའི་བར་སྟོངས་དང་སྣ་མང་གི་རང་བྱུང་སྐྱེ་ཁམས། ཁྱད་འཕགས་ཀྱི་མི་ཆོས་ཁོར་ཡུག་བཅས་ལ་ཀུན་གྱིས་དོ་སྣང་ཆེན་པོ་ཐོབ་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།