ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཝིན་ཆིན་གྱིས་ཅོར་ཏན་ཁྲིམས་འཛིན་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཁྲེན་ཝིན་ཆིན་གྱིས་ཚེས14ཉིན་པེ་ཅིན་དུ་ཅོར་ཏན་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མུའུ་ཧན་མའོ་ཏི་ཁ་ཚི་ཝ་དང་ཅོར་ཏན་སྤྱི་ཁྱབ་ཞིབ་དཔྱོད་དཔོན་ཡིའུ་སུའུ་ཧྥུའུ་ཆི་ཡ་པ་ཐི་འཁོར་དང་བཅས་པར་ཐག་འཕྲད་གནང་།

ཁྲེན་ཝིན་ཆིན་གྱིས་བཤད་རྒྱུར། ཁྲིམས་འཛིན་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ནི་ཀྲུང་ཅོར་འཐབ་ཇས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོས་ཅོར་ཏན་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པའི་འཐབ་ཇུས་སྣེ་ཁྲིད་འོག མུ་མཐུད་དུ་གཞུང་དྲང་ཁྲིམས་འཛིན་དང་ནག་ཉེས་ཁྲིམས་གཅོད་སྔོན་དཔག་ཇེ་དྲག་ཏུ་གཏོང་བ་དང་། གཞན་ཡང་མི་སྣ་གསོ་སྦྱོང་དང་ཆ་འཕྲིན་བརྗེ་རེས། རྒྱལ་སྤྱིའི་ཕྱོགས་མང་ལམ་སྲོལ་མཐུན་སྦྱོར་སོགས་ཐད་ཀྱི་མཉམ་ལས་སྤུས་ཀ་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། སྔར་ལས་ལྷག་པར་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད། 

ཅོར་ཏན་ཕྱོགས་ཀྱིས་བསྟན་དོན། ཅོར་ཀྲུང་ཁྲིམས་འཛིན་མཉམ་ལས་ཐད་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།