ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཝིན་ལའེ་ཕྱི་འབྲེལ་གཙོ་གཉེར་པུའུ་ཀྲང་ཨའེ་རུའེ་ཝན་དང་གྲོས་མལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིན་དུ་ཝིན་ལའེ་ཡི་ཕྱི་འབྲེལ་གཙོ་གཉེར་པུའུ་ཀྲང་ཨའེ་རུའེ་ཝན་དང་གྲོས་མལ་གནང་།

ཝང་དབྱི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་སྣེ་ཁྲིད་འོག ཀྲུང་ཝིན་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་སྲུང་འཛིན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གཡུར་ཏུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་ཆེ་ཆུང་འདྲ་མཉམ་ལྟ་སྟངས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་འཛུགས་པར་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་ཝིན་ལའེ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དེ་བརྩི་གཞིར་བཟུང་ནས། མཉམ་ལས་ནང་དོན་གཏིང་ཟབ་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཀྲུང་ཝིན་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་རྒྱང་རིང་གི་དམིགས་འབེན་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

ཨའེ་རུའེ་ཝན་གྱིས་ཝིན་ལའེ་སུའུ་ཏན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནང་བའི་ལྷག་བསམ་གྱི་འཚམ་འདྲི་བརྒྱུད་སྒྲོག་བྱས་ཤིང་། ཝིན་ལའེ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་བརྩི་སྲུང་བྱ་རྒྱུ་ཡིན་པར་བསྟན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།