ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེན་མོ་བསྐོ་འཐེན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར་གཤམ་གསལ་ཕྱིར་སྡོད་གཞུང་ཚབ་ཆེན་མོ་བསྐོ་འཐེན་བྱ་རྒྱུ་སྟེ།

གཅིག ཧིན་རྡུ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོ་སུན་ཝེ་ཏུང་གི་གོ་གནས་ཕྱིར་འཐེན་བྱས།

ཞུས་ཧྥེ་ཧུང་ཧིན་རྡུ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

གཉིས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི་དང་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོ་ཀྲང་ཅུན་གྱི་གོ་གནས་ཕྱིར་འཐེན་བྱས།

ཧྥུ་ཚུང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི་དང་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

གསུམ། དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོ་ཁྲང་ཧྭ་ཡི་གོ་གནས་ཕྱིར་འཐེན་བྱས།

ཚུང་ཕེ་ཝུའུ་དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

བཞི། སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོ་ཁྲེན་ཝེ་ཆིང་གི་གོ་གནས་ཕྱིར་འཐེན་བྱས།

ཁྲང་ཧྭ་སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

ལྔ། ཀི་ནེ་ཡ་པི་ཧྲའོ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོ་ཀུའོ་ཚེ་ཡི་གོ་གནས་ཕྱིར་འཐེན་བྱས།

དབྱང་རེན་ཧོ་ཀི་ནེ་ཡ་པི་ཧྲའོ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

དྲུག ཐང་ཀ་རྒྱལ་པོའི་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོ་ཚའོ་ཞའོ་ལིན་གྱི་གོ་གནས་ཕྱིར་འཐེན་བྱས།

ལིའུ་ཝེ་མིན་ཐང་ཀ་རྒྱལ་པོའི་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

བདུན། ཏོ་སྨི་ཉི་ཁེ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོ་ལིན་ཞན་ཅང་གི་གོ་གནས་ཕྱིར་འཐེན་བྱས།

ཁྲུའུ་མའོ་མིང་ཏོ་སྨི་ཉི་ཁེ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

བརྒྱད། ཨེ་རི་ཐེ་ལི་ཡ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོ་ཚའེ་ཀེ་ཡི་གོ་གནས་ཕྱིར་འཐེན་བྱས།

ལི་ཞང་ཨེ་རི་ཐེ་ལི་ཡ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས་པ་རེད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།