ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས《སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་བྱ་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས《སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་བྱ་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཤིང་། དུས་རབས་གསར་བའི་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་བྱ་བར་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས།

《བསམ་འཆར》ཁྲོད་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ནི་གོང་རིམ་སྲིད་འཛིན་ལས་ཁུངས་ཀྱིས་འོག་རིམ་སྲིད་འཛིན་ལས་ཁུངས་ཀྱི་སྲིད་འཛིན་ཁྲིམས་བསྟར་ལས་དོན་ལ་ནང་ཁུལ་གྱི་རིམ་པ་ལྟ་སྐུལ་བྱེད་པ་ཡིན་པའི་ངོས་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་དང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྲིད་འཛིན་ཁྲིམས་བསྟར་ལས་དོན་གཅིག་གྱུར་འཆར་འགོད་བྱེད་པའི་གཞི་རྩའི་བྱེད་སྟངས་ཤིག་ཡིན། ཕྱོགས་ཡོངས་ནས་འཐུས་ཚང་དུ་ཡིན་བའི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བྱ་བའི་མ་ལག་འཛུགས་པ་དེས་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱི་བྱ་བའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་ཏུ་བྱས་ནས།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་ལོན་པ་དང་། “འདུ་ཤེས་བཞི”ཇེ་བརྟན་དང་། “ཡིད་ཆེས་བཞི”ཇེ་དྲག “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། ལྟ་སྐུལ་ལམ་ལུགས་རྒྱུན་མཐུད་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་མོ། ལྟ་སྐུལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཏེ་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱིས་སྲིད་འཛིན་ཁྲིམས་བསྟར་ལས་དོན་ལ་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་། དོ་དམ་ཚད་ལྡན་ཅན། མཛུབ་ཁྲིད་ལྟ་སྐུལ། སྐུལ་ལྕག་འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། 2024ལོའི་ལོ་མཇུག་ཏུ་བསླེབ་སྐབས་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཞང་རིམ་པ་བཞི་ཡོངས་སུ་ཁྱབ་པའི་ཅུང་འཐུས་ཚང་གི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་དོན་མ་ལག་གཞི་རྩའི་སྟེང་བསྐྲུན་ནས། སྲིད་འཛིན་ཁྲིམས་བསྟར་ལས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ཡོངས་དང་། རྒྱུན་ལྡན་ཅན། ཕུགས་ཕན་ཅན་བཅས་ཀྱི་ལྟ་སྐུལ་མངོན་འགྱུར་བྱ་དགོས།

《བསམ་འཆར》ཁྲོད་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་དང་ལྟ་སྐུལ་རིགས་ཁག་གཞན་དག་འབྲེལ་མཐུད་དམ་ཚགས་དང་ཕན་ཚུན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས། ཁྲིམས་བསྟར་སྲིད་འཛིན་སྡེ་ཁག་ནི་སྲིད་གཞུང་གི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་ཁུངས་ཡིན་པའི་ངོས་ནས་རིམ་པ་དེ་གའི་སྲིད་གཞུང་གི་ཚབ་བྱས་ཏེ་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱི་ཞིབ་ཕྲའི་ལས་དོན་གྱི་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་སྲིད་གཞུང་སྡེ་ཁག་གིས་རིམ་པ་དེའི་སྲིད་གཞུང་གི་ཁྲིམས་བསྟར་སྲིད་འཛིན་སྡེ་ཁག་གི་མཛུབ་སྟོན་འོག སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གཙོ་གཉེར་ལས་རིགས་ཀྱི་སྲིད་འཛིན་ཁྲིམས་བསྟར་ལས་དོན་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་འགན་འཁུར་རྒྱུ། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་འགན་ནུས་ལག་བསྟར་ནན་མོ་དང་། སྲིད་འཛིན་ཁྲིམས་བསྟར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་སྤེལ་བ། སྲིད་འཛིན་ཁྲིམས་བསྟར་ཆེད་དམིགས་ལྟ་སྐུལ་དམ་འཛིན་ཡག་པོ་བཅས་བྱ་དགོས། བྱ་བའི་དགོས་མཁོར་གཞིགས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་གལ་ཆེན་བཅས་ཀྱི་ལག་བསྟར་བྱས་ཚུལ་ལ་སྲིད་འཛིན་ཁྲིམས་བསྟར་ཞིབ་བཤེར་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་སྣོན་པ། སྲིད་འཛིན་ཁྲིམས་བསྟར་ལས་དོན་ཕྱོགས་བསྡུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་དང་སྡེ་ཁག་ལས་བརྒལ་བའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་སྒྱུར་དང་གཞི་རིམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བསྒྱུར་བཅོས་ཀྱི་མཛུབ་ཁྲིད་ལས་དོན་ཡག་པོར་བསྒྲུབ་དགོས། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བྱས་འབྲས་བེད་སྤྱོད་གང་ལེགས་དང་། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ཐབས་ལམ་རྒྱ་ཆེར་གཏོང་བ། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ཆ་འཕྲིན་གྱི་ཁུངས་སྣེ་གཅིག་གྱུར་གཅིག་གྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ཁྲོད་བྱ་བའི་འགན་ལེན་ལ་ཤུགས་སྣོན་དང་། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ། སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྲངས་འཛིན་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དོན་འཁྱོལ་སྐུལ་འདེད་ལམ་སྲོལ་འཛུགས་པ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་བཀོད་སྒྲིག་ཡོད་པ་དང་། དོན་འཁྱོལ་མཐོང་ཆེན་བྱེད་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་བསྟར་སྲིད་འཛིན་སྡེ་ཁག་གིས་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ནན་ཏན་བྱས་ནས་འབྲེལ་ཡོད་ཉམས་མྱོང་དང་བྱེད་སྟངས་ཁྱབ་གདལ་བཏང་སྟེ་གནད་དོན་ཐག་གཅོད་བྱེད་པར་ཞིབ་འཇུག་དང་མཐུན་སྦྱོར། སྐུལ་འདེད་བཅས་གཏོང་དགོས་པར་ནན་གྱིས་བསྟན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།