ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་གྱིས་ཚོགས་མི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་གྱི་ཕྱི་དྲོར། འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་གྱིས་ཚོགས་མི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་བསྡུས།

རྒྱལ་སྤྱིའི་རྩ་འཛུགས་དང་གོ་ལ་ཧྲིལ་པོའི་དྲ་སྦྲེལ་སྣེ་ཁྲིད་ཁེ་ལས། དབང་གྲགས་ལས་རིགས་ཀྱི་ལས་ཁུངས། ལས་རིགས་རྩ་འཛུགས་སོགས་ཁྱབ་ཁོངས་ནས་ཡོང་བའི་ཚོགས་མིའི་འཐུས་མི100ཙམ་གདན་ཞུས་ལྟར་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་སྟེང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་དང་ལས་རིགས་ལས་ཁུངས་ཀྱི་འཐུས་མིས“ཕན་ཚུན་འབྲེལ་མཐུད་དང་ཐུན་མོང་དར་རྒྱས་ཏེ་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི”བརྗོད་གཞིར་དམིགས་ནས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་དང་དེ་བཞིན་ལས་རིགས་ཀྱི་གླེང་མང་བའི་གྲོས་གཞིར་མཉམ་དུ་གྲོས་བསྡུར་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་རེན་ཞན་ལེང་གིས་འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་གྱི་ལས་སྟེགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས་དུས་མཚམས་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནི་ཡར་རྒྱས་དགེ་མཚན་རྒྱུན་འཁྱོངས་བྱས་ནས་ལག་རྩལ་གསར་གཏོད་དང་གྲུབ་འབྲས་བེད་སྤྱོད་གཏིང་ཟབ་ཏུ་གཏོང་དགོས། གཉིས་ནི་བློ་རིག་མཉམ་སྒྲིལ་དང་མཉམ་ལས་རྒྱུན་འཁྱོངས་བྱས་ནས་སྒྲིག་སྲོལ་བཟོ་བ་དང་ཚད་གཞི་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་གཉིས་ཕན་རོགས་རེས་རྒྱུན་འཁྱོངས་བྱས་ནས་བསྟུན་མཁས་འཕར་སྣོན་དང་འདྲ་མཉམ་ཀུན་ཕན་ལ་སྐུལ་འདེད་གཏོང་དགོས། བཞི་ནི་མཉམ་སྐྲུན་མཉམ་སྐྱོང་རྒྱུན་འཁྱོངས་བྱས་ནས་འདུ་ཤེས་དོན་འཁྱོལ་དང་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་འདེད་གཏོང་དགོས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།