ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས2024ལོའི་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དགུ་བ་ཡིན། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་ཉེ་ལམ་མཉམ་འབྲེལ་སྒོས་བརྡ་སྦྱོར་དཔར་འགྲེམ་བྱས་ཏེ། རྒྱལ་ཡོངས་སུ2024ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་ཡིན་པར་གཏན་འཁེལ་བྱས།

རྒྱུས་ལོན་པ་ལྟར་ན། ད་ལོར་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱ་འགུལ་གྱི་བརྗོད་བྱ་གཙོ་བོ་ནིསྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སྟེ། གསར་གཏོད་དང་སྣེ་ཁྲིད་བྱས་ནས་ལོ་འཁོར10ལོན་པཞེས་པ་དེ་ཡིན། བྱ་འགུལ་གྱི་ཇུས་གཞི་ལྟར་ན། གཅིག་སྡུད་དྲིལ་བསྒྲགས་བྱ་འགུལ་སྤེལ་བའི་ཐད་ས་གནས་ཁག་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་དགོས། དྲ་རྒྱའི་དྲིལ་བསྒྲགས་རྒྱ་ཁྱབ་ངང་སྤེལ་ནས་ཁྲིམས་ལུགས་ཁྱབ་གདལ་དྲ་ཚིགས་དང་། འཕྲིན་རྟགས། པོད་འཕྲིན། སྤྱོད་སྣེ་སོགས་ལ་བརྟེན་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་སློབ་སྦྱོང་བྱེད་པའི་ཆེད་སྒྲིག་བཀོད་སྒྲིག་བྱེད་དགོས། དུས་མཚུངས་སུ་ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཤེས་བྱའི་ལན་འདེབས་པའི་བྱ་འགུལ་རྩ་འཛུགས་བྱས་ནས། རྒྱ་ཆེའི་དྲ་དམངས་དྲིས་ལན་འདེབས་པའི་བྱ་འགུལ་ཁྲོད་ཞུགས་པ་དང་། ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་བསྐྲུན་དགོས།

བརྡ་སྦྱོར་ཁྲོད་ས་གནས་ཁག་དང་སྡེ་ཁག་སོ་སོས2024ལོའི་དམངས་ཡོངས་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོར་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་དྲིལ་བསྒྲགས་བྱ་འགུལ་དེ་ཉིན་རེའི་ལས་རིམ་གལ་ཆེན་དུ་བཞག་ནས། བློ་རྩེ་གཅིག་སྒྲིམ་གྱིས་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས། སུས་ཁྲིམས་ལུགས་ལག་བསྟར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱ་འགུལ་གྱི་མཚོན་རྟགས་ཚད་ལྡན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡང་དག་པའི་སྒོ་ནས་དྲིལ་བསྒྲགས་དང་ཀློག་འགྲེལ་བྱས་ཏེ། ཁྲིམས་སྐྱོང་གི་དྲང་ནུས་དར་སྤེལ་གཏོང་དགོས་པར་བཏོན་ཡོད།  །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།