ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོར་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་གྲོས་མོལ་གནང་།

ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ཕུའུ་ལཱ་པོ་ཝོ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པར་མ་ཟད། ཙུང་ཐུང་ཟུར་པ་ཙའོ་ཁི་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་ངོ10ཡི་རིང་ལ། ང་དང་ཙུང་ཐུང་ཙའོ་ཁི་ཡིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཁྱོན་ཡོངས་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་ཁྲིད་སྟོན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཅཱ་ཝན་མྱུར་བགྲོད་ལྕགས་ལམ་དེ་རྒྱལ་ཁབ་གཉིས་ཀའི་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་ལས་བྱས་པའི་མིང་བྱང་གལ་ཆེན་དུ་གྱུར་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་དེ་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་དུས་རིམ་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་ལྟ་སྟངས་ཡང་དག་བཟུང་ནས། ཧིན་རྡུ་ཉི་ཞི་ཡའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱས་ཏེ། ས་ཁུལ་དང་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ཐེབས་ནུས་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་གྲུབ་འབྲས་ཆེན་པོ་ཐོབ་པའི་འགག་རྩ་ནི། འཐབ་ཇུས་རང་བརྟེན་རྒྱུན་འཁྱོངས་དང་། ཕན་ཚུན་ཡིད་ཆེས་དང་རོགས་རེས་རྒྱུན་འཁྱོངས། མཉམ་ལས་གཉིས་ཕན་རྒྱུན་འཁྱོངས། དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བཅས་བྱས་པ་ལས་བྱུང་བ་ཡིན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་འཐུས་མི་ཡིན། སྔོན་ཆད་རྒྱལ་ཁབ་གཉིས་ཀས་མི་རིགས་རང་བཙན་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ལ་བརྩོན་པའི་ལག་ལེན་དངོས་ཀྱི་ཁྲོད་དུ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད་པས། མ་འོངས་པར་ཡང་ལྷག་བསམ་རྣམ་དག་གིས་ཕན་ཚུན་མཐུན་སྒྲིལ་བྱས་ཏེ། གཉིས་ཕན་གཉིས་རྒྱལ་གྱི་མིག་དཔེ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་དཔེ་གཞི། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་གདོང་ལེན་པ་བཅས་བྱེད་དགོས། ཕྱོགས་གཉིས་ཀས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། ཕན་ཚུན་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་བར་གྱི་འགྲོ་འོང་ཟབ་མོ་སྔར་ལས་རྒྱུན་འཁྱོངས་བྱེད་རྒྱུ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། “རྒྱལ་ཁབ་གཉིས་ཀ་དང་ར་བ་གཉིས”དང“ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”ལས་གཞིར་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ། མཚོ་ཐོག་མཉམ་ལས་མུ་མཐུད་ཟབ་སྤེལ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུལ་སེལ་དབུལ་ཐར་ཁྱབ་ཁོངས་སུ་ཧིན་རྡུ་ཉི་ཞི་ཡའི་བར་གྱི་མཉམ་ལས་ཤུགས་སྣོན་པ་དང་ཧིན་རྡུ་ཉི་ཞི་ཡར་རྒྱབ་སྐྱོར་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་འདི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད། ཕྱོགས་གཉིས་ཀས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལག་ལེན་ནན་མོ་བྱས་ནས། མཐུན་སྒྲིལ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་ཝན་ལུང་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་རྒྱུ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་སྲོག་ཤིང་གནས་བབ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལ། སྒོ་འབྱེད་དཀྱེལ་ཡངས་ཀྱི་ས་ཁུལ་སྒྲོམ་གཞིར་སྲུང་སྐྱོབ་བྱས་ཏེ། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད།

ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་གྲོས་མོལ་གནང་།

ཕུའུ་ལཱ་པོ་ཝོ་ཡིས་ཙུང་ཐུང་ཟུར་པ་ཙའོ་ཁི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས་ཏེ། ཀྲུང་གོ་འདི་ཉིད་ང་རང་ཉིད་ཙུང་ཐུང་ལ་བདམས་རྗེས་ཀྱི་འཚམས་འདྲི་བྱེད་སའི་རྒྱལ་ཁབ་ཐོག་མ་རུ་གྱུར་པར་དགའ་སྤྲོ་ཚད་མེད་སྐྱེས་ཡོད། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གསར་པས་རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། དཔལ་འབྱོར་ཚོང་དོན་དང་དབུལ་ཐར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། རྒྱལ་སྤྱིའི་ལས་དོན་དང་ལྷག་པར་དུ་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ནས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དྲང་གཞག་དྲང་བདེན་གྱི་གཙོ་འགན་འཁུར་བར་ངས་བསྟོད་བསྔགས་བྱས་པ་ཡིན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་བསྟན།

ཝང་དབྱི་གྲོས་མོལ་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།