ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་ཞིང་སྡེ་པུའུ་ཡིས2024ལོའི་ལྗང་མདོག་རལ་གྲིའི་འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་འགུལ་སྐྱོད་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་ཞིང་སྡེ་པུའུ་ཡི་དྲ་ཚིགས་གནས་ཚུལ་ལྟར་ན། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་གྱིས་ཞིང་གསུམ་འཕེལ་རྒྱས་ཀྱི་ཞབས་ཞུ་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས《ཞིང་ལས་ཞིང་སྡེ་པུའུ་ཡི2024ལོའི་ལྗང་མདོག་རལ་གྲིའི་འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། ལྗང་མདོག་རལ་གྲིའི་འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་འགུལ་སྐྱོད་བཀོད་སྒྲིག་བྱས།

《བརྡ་སྦྱོར》ལས་ནན་གྱིས་བསྟན་དོན། ཞིང་ལས་རྒྱུ་ཆའི་སྤུས་ཚད་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། སྲོག་ཆགས་སྐྱེ་དངོས་ཀྱི་རིམས་ནད་བརྟག་བཤེར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ལ་ཤུགས་བསྣན་ཏེ། ཞིང་ལས་རྒྱུ་ཆ་སྡེ་བར་བསྐྱོད་པའི་མགོ་སྐོར་ཚོགས་པ་དང་མངག་ཐོ་ཞིང་ལས་ལ་མིང་གཡར་ཏེ་ཞིང་བར་མགོ་སྐོར་གཏོང་བ། ཕྱུགས་ཟོག་གསོ་སྤེལ་གྱི་ཤ་སྣག་སྨན་རྫས། སྲན་མའི་ཞིང་སྨན་ལྷག་འཕྲོ་སོགས་གཙོ་གནད་ཆེད་དམིགས་ཁྲིམས་འཛིན་ལས་འགན་ལ་དམ་འཛིན་བྱས་ནས། ཞིང་བར་མགོ་སྐོར་གནོད་སྐྱོན་བཟོ་བ་དང་འབྲུ་རིགས་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། རྒྱལ་ཁབ་འབྲུ་རིགས་བད་ེའཇགས་འགན་སྲུང་ཐད་ཞིང་ལས་ཁྲིམས་འཛིན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

《བརྡ་སྦྱོར》ལས། ས་ཁུལ་སོ་སོས་ཡུལ་བབ་དང་བསྟུན་ནས། འབུར་ཐོན་གནད་དོན་ལ་དམིགས་ཏེ། འགུལ་སྐྱོད་འཆར་འགོད་ཞིབ་ཕྲར་བཟོ་བ་དང་། འགན་འཁྲི་གཙོ་གཞི་གཟབ་ནན་དུ་གཏོང་དགོས། ཞིང་ལས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཞུ་གཏུག་བྱེད་པར་དུས་ལྟར་ཞིབ་བཤེར་དང་ཁྲིམས་ལྟར་ཐག་གཅོད་བྱས་ཏེ། ནག་ཉེས་གྲུབ་པའི་རིགས་སྤྱི་བདེ་ལས་ཁུངས་ལ་སྐྱེལ་སྤྲོད་བྱེད་དགོས། ཁ་ཏ་སློབ་གསོ་དང་སྣེ་ཁྲིད་དཔེ་སྟོན། ཉེན་ཟོན་གསལ་འདེབས། མཛུབ་སྟོན་ཁ་ཏ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས། ཁྲིམས་འཛིན་ལ་ནུས་ཤུགས་དང་ལྡན་པ་མ་ཟད་དྲོད་འཁོལ་ལྡན་པར་བྱེད་དགོས།

རྗེས་ཕྱོགས། ཞིང་ལས་ཞིང་སྡེ་པུའུ་ཡིས་འགུལ་སྐྱོད་སྤེལ་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འགལ་གྱོད་གཞི་རྩད་སྒྲུབ་སོགས་ཀྱི་གནས་ཚུལ་ལ་མཛུབ་སྟོན་བྱེད་པར་གཞིགས་ཏེ། ཁྱབ་ཁོངས་ཀྱི་ས་རྒྱ་ཆེ་བ་དང་སྤྱི་ཚོགས་ཤུགས་རྐྱེན་ཆེ་བ། གྱོད་གཞི་རྙོག་འཛིང་ཆེ་བ་བཅས་ལ་ལྟ་སྐུལ་བྱས་ཏེ། འགུལ་སྐྱོད་དངོས་འབེབས་ནུས་ཐོན་ལ་ཁག་ཐེག་བྱ་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།