ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུའི་ཀླུང་རྒྱ་སྡོམ་པའི་ཆེད་དམིགས་ཁྲིམས་འཛིན་འགུལ་སྐྱོད་ཟླ4པའི་ཚེས1ཉིན་མགོ་རྩོམ་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད12པར། རང་རྒྱལ་གྱི་རྨ་ཆུའི་རྒྱུད་ཀྱི་ཉིང་ཞ་མཚམས་ནས་ཧའེ་ཁོའུ་མཚམས་བར་གྱི་དུས་ཡུན་ཟླ4རིང་གི་ཀླུང་རྒྱ་སྡོམ་མགོ་བརྩམས་པས། རྨ་ཆུའི་བཞུར་རྒྱུད་ཡོངས་སུ་ཕྱོགས་ཡོངས་ནས་ཀླུང་རྒྱ་སྡོམ་པའི་དུས་སྐབས་སུ་སླེབས་པ་ཡིན། ཉིན་དེར། ཞིང་ལས་ཞིང་སྡེ་པུའུ་ཡིས་སྤྱི་བདེ་པུའུ་དང་མཉམ་དུ་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་ཀྲུང་གོའི་ཉ་ལས་སྲིད་དོན་གྱི2024ལོའི་རྨ་ཆུའི་ཀླུང་རྒྱ་སྡོམ་པའི་དུས་སྐབས་ཀྱི་ཆེད་དམིགས་ཁྲིམས་འཛིན་འགུལ་སྐྱོད་སྤེལ་མགོ་བརྩམས།

སྡེ་ཁག་གཉིས་ཀྱི་བཀོད་སྒྲིག་ལྟར་ན། རྨ་ཆུའི་རྒྱུད་ཀྱི་རིམ་པ་སོ་སོའི་ཉ་ལས་སྲིད་དོན་དང་སྤྱི་བདེ་སྡེ་ཁག་གིས་ཁྲིམས་འགལ་ངང་ཉ་འཛིན་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། བཞུར་རྒྱུད་དུས་མཚམས་ཀྱི་དོ་དམ་ཚོད་འཛིན་ཤུགས་དྲག་ཏུ་གཏོང་རྒྱུ་རེད། གཙོ་གནད་ས་ཁོངས་དང་གནད་འགག་དུས་སྐབས་ལ་དམིགས་ཏེ། མུ་མཐུད་དུ་ཁྲིམས་འཛིན་ནུས་པ་ཇེ་ཆེར་གཏོང་བ་དང་། ཁྲིམས་ཆད་སྦྲེལ་མཐུད་ལ་ཤུགས་སྣོན་དང་ཁོར་ཡུག་སྤྱི་ཕན་ཞུ་གཏུག་དང་སྐྱེ་ཁམས་གནོད་སྐྱོན་སྐྱིན་གསབ་ལ་ཤུགས་བསྣན་ཡོད། རྨ་ཆུའི་མགོ་ཁུངས་ཁུལ་དང་སྟོད་རྒྱུད་ཀྱི་ཆུ་ཁོངས་སུ་དུས་ཡུན་ཧྲིལ་བོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་ས་ཁོངས་ཧྲིལ་བོར་ཁྱབ་པར་བྱ་རྒྱུ་ཡིན་ཞིང་། ལོ་ཧྲིལ་བོར་ཉ་ལས་འགོག་པའི་ཁྲིམས་འཛིན་གྱི་རྒྱུན་སྲིང་དམག་འཁྲུག་ལེགས་པོར་རྒྱག་པ་དང་། དབུས་རྒྱུད་དང་སྨད་རྒྱུད་ཆུ་ཁོངས་སུ་བཀོད་སྒྲིག་ཞིབ་ཚགས་དང་གནད་ཁེལ་ངེས་གནས་སྒོས་གསུམ་མེད་གྲུ་གཟིངས་དང་གློག་དུག་ཉ་འཛིན་སོགས་ཁྲིམས་འགལ་བྱ་སྤྱོད་ལ་གནད་ཁེལ་རྡུང་རྡེག་གཏོང་རྒྱུ་རེད། 

ཐེངས་འདིའི་འགུལ་སྐྱོད་ཀྱིས། ཚོང་རའི་ཕྱིར་འཚོང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཉ་འཛིན་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་རྒྱུ་གསལ་བོར་བསྟན་ཡོད། རྨ་ཆུའི་རྒྱུད་ཀྱི་རིམ་པ་སོ་སོའི་ཉ་ལས་སྲིད་འཛིན་དང་སྤྱི་བདེ་སྡེ་ཁག་གིས་ཤུགས་ཆེན་པོས་ཚོང་རའི་ལྟ་སྐུལ་དོ་དམ་སོགས་ཀྱི་སྡེ་ཁག་དང་རོགས་ལས་དམ་ཟབ་བྱས་ཏེ། མགོ་ཁུངས་ནས་ཁྲིམས་འགལ་ཉ་རིགས་ཀྱི་མགོ་ཁུངས་རྩད་གཅོད་བྱ་རྒྱུ་རེད། ཡུལ་བབ་དང་བསྟུན་པ་དང་བྱེད་ཐབས་སྣ་མང་གིས་ཉ་འཛིན་བྱ་འགུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། རིགས་སོ་སོའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཉ་འཛིན་ཡོ་ཆས་ལ་རྩད་གཅོད་ནན་མོ་བྱས་ནས། སྤྲོ་གསེང་ཉ་འཛིན་ལ་ཁ་གཡར་ཏེ་ཁྲིམས་འགལ་གྱི་ཉ་འཛིན་ཐོན་སྐྱེད་སྤེལ་བ་གཏན་འགོག་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། 2023ལོའི་རྨ་ཆུའི་རྒྱུད་ཀྱི་རིམ་པ་སོ་སོའི་ཉ་ལས་སྲིད་འཛིན་དང་སྤྱི་བདེ་པུའུ་ཡིས་ནན་ཏན་སྒོས་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། ཀླུང་རྒྱ་སྡོམ་པའི་སྒྲིག་ལམ་བརྟན་བརླིང་དང་གོ་རིམ་ལྡན་པར་སྤེལ་ནས། ཉ་ལས་ཐོན་ཁུངས་ལ་བདག་སྐྱོང་ནུས་ལྡན་བྱས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།