ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥ་རན་སིའི་ཕྱི་འབྲེལ་དཔོན་སའེ་རུའོ་ཨེར་ནེ་དང་གྲོས་མོལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས1ཉིན་པེ་ཅིན་དུ་ཧྥ་རན་སིའི་ཕྱི་འབྲེལ་དཔོན་སའེ་རུའོ་ཨེར་ནེ་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་ཧྥ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་རྒྱལ་ཁབ་དང་སྒེར་ཚུགས་ཀྱི་རང་བདག་རྒྱལ་ཁབ་ཆེན་མོ་གཉིས་ཡིན་པས། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། ད་ལོ་ནི་ཀྲུང་ཧྥ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པའི་ལོ་ཡིན་ཞིང་། ང་ཚོས་ཧྥ་རན་སི་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བཟུང་ནས། སྲོལ་རྒྱུན་རྒྱུད་འཛིན་དང་མ་འོངས་པར་ཁ་ཕྱོགས་ཏེ། ཀྲུང་ཧྥ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་སྲ་བརྟན་དང་སྔར་བས་གསོན་ཤུགས་ལྡན་པར་བྱེད་པ་དང་། ཀྲུང་ཡོ་འབྲེལ་བ་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་དེ། ཟང་ཟིང་རྙོག་འཛིང་གི་འཛམ་གླིང་ལ་སྔར་ལས་མང་བའི་གཏན་འཇགས་རང་བཞིན་བསྩོལ་དགོས།

སའེ་རུའོ་ཨེར་ནེ་ཡིས་བསྟན་དོན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་བྱ་འགུལ་ལེགས་པོར་སྒྲུབ་པ་དང་། དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་མི་ཆོས་བརྗེ་རེས་དམ་ཟབ་དུ་གཏོང་རྒྱུའི་རེ་བ་ཡོད། ཧྥ་རན་སིས་སྒོ་འབྱེད་མཉམ་ལས་དང་འབྲེལ་གཅོད་ལ་ངོ་རྒོལ་བྱ་རྒྱུ་ཡིན། །


 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།