ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧོང་ཀྲུང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་འགོའི་བསྒྲུབ་སྤྲོད་ཚོགས་འདུར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་པེ་ཅིན་དུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མིའི་གྲོས་འགོ་བསྒྲུབ་སྤྲོད་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱེད་པའི་མཐོ་ཚད་ནས་འཐུས་མིའི་གྲོས་འགོ་སྒྲུབ་པའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་དང་འགན་འཁྲི་ངོས་འཛིན་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཐུས་མིའི་གྲོས་འགོ་རེ་རེ་བཞིན་ཡག་པོ་བསྒྲུབས་ནས། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟེང་གཅིག་སྡུད་བྱེད་དགོས།

ལི་ཧུང་ཀྲུང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་རིང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་ཀྱིས་ཕྱོགས་སོ་སོའི་ལས་དོན་ལ་གྲོས་འགོ་བཏོན་པ་དང་། སྐྱོན་བརྗོད། བསམ་འཆར་བཅས་ཁག9235བཏོན་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་འཐུས་མིའི་གྲོས་འགོར་ལེགས་སྒྲིག་དང་ཕྱོགས་བསྡུས་དབྱེ་ཞིབ་ནན་ཏན་བྱས་ཤིང་། བཅའ་ཁྲིམས་ལྟར་སྒྲུབ་འགན་འཁུར་བའི་སྡེ་ཚན213ལ་སྤྲད་ནས་བསྒྲུབ་ཏུ་བཅུག་ཡོད། སྒྲུབ་འགན་འཁུར་བའི་ཚན་པ་སོ་སོས་ཆབ་སྲིད་ཀྱི་ལངས་གནས་ཆེ་རུ་བཏང་ནས། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་བྱེད་པའི་བྱ་བའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་ནན་ཏན་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་འབད་བརྩོན་བྱས་ཏེ། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས། ཕན་འབྲས་དངོས་བཅས་སུ་སྒྱུར་དགོས་ཞེས་བསྟན།

ལི་ཧུང་ཀྲུང་གིས་མ་ལག་གི་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས་འགན་འཁྲི་ཏན་ཏིག་སྒྲུབ་དགོས་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད་ཧུར་ཐག་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་འབྲེལ་གཏུག་ལ་ཤུགས་སྣོན་པ། དམིགས་ཚད་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྗེས་འདེད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོས་འགོ་སྒྲུབ་པའི་བྱ་བའི་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་འཐུས་མིའི་གྲོས་འགོ་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་དགོས་པར་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིན་དང་འབྲེལ་ཡོད་སྡེ་ཁག་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།