ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ལོ་རྒྱུས་དཔེ་ཚོགས(དེབ་དང་པོ)》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ལོ་རྒྱུས་དཔེ་ཚོགས(དེབ་དང་པོ)》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། དེ་ནི་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ལོ་རྒྱུས་བཀོད་པའི་དཔེ་ཚོགས་ཐོག་མ་ཡིན་པ་དང་། དཔེ་ཚོགས་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་སྐྲུན་དངོས་རྫས་འཆར་འགོད་རྣམ་གྲངས་ནང་ཚུད་ཡོད།

《ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ལོ་རྒྱུས་དཔེ་ཚོགས(དེབ་དང་པོ)》ཁྲོད《ཀྲུང་གུང་ཚོགས་ཆེན་ཐེངས་དང་པོའི་ལོ་རྒྱུས》དང་། 《ཀྲུང་གུང་ཚོགས་ཆེན་ཐེངས་གཉིས་པའི་ལོ་རྒྱུས》《ཀྲུང་གུང་ཚོགས་ཆེན་ཐེངས་གསུམ་པའི་ལོ་རྒྱུས》《ཀྲུང་གུང་ཚོགས་ཆེན་ཐེངས་བཞི་པའི་ལོ་རྒྱུས》《ཀྲུང་གུང་ཚོགས་ཆེན་ཐེངས་ལྔ་པའི་ལོ་རྒྱུས》《ཀྲུང་གུང་ཚོགས་ཆེན་ཐེངས་དྲུག་པའི་ལོ་རྒྱུས》《ཀྲུང་གུང་ཚོགས་ཆེན་ཐེངས་བདུན་པའི་ལོ་རྒྱུས》《ཀྲུང་གུང་ཚོགས་ཆེན་ཐེངས་བརྒྱད་པའི་ལོ་རྒྱུས》དང་། 《ཀྲུང་གུང་ཚོགས་ཆེན་ཐེངས་དགུ་པ་དང་ཐེངས་བཅུ་པའི་ལོ་རྒྱུས》(གནས་སྐབས་པར་དུ་བསྐྲུན་མེད)《ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ལོ་རྒྱུས》《ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ལོ་རྒྱུས》བཅས་དེབ11འདུས་ཡོད་ཅིང་། དེབ་རེ་རེའི་ཁྲོད་ཏང་གི་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ལོ་རྒྱུས་རྒྱབ་ལྗོངས་དང་ཚོགས་འདུའི་བརྒྱུད་རིམ། ཤུགས་རྐྱེན་གལ་ཆེན་སོགས་བཀོད་ཡོད་ལ། ཉེ་བའི་ལོ་འགའི་རིང་གི་ཞིབ་འཇུག་དང་ཕྱོགས་བསྡུས་ཀྱང་བཀོད་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།